འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སེ་ཐན་གྱི་བདེ་འཇགས་དམག་གིས་ཁ་པུར་གླིང་རིམ་མགྲོན་ཁང་གྱི་འཇབ་རྒོལ་
    ཞི་འཇགས་སུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་ཧྥུ་ཀ་ནི་སེ་ཐན་གྱི་བདེ་འཇགས་དམག་གིས་ཁ་པུར་གླིང་རིམ་མགྲོན་ཁང་གྱི་འཇབ་རྒོལ་
ཞི་འཇགས་སུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། ཨ་ཧྥུ་ཀ་ནི་སེ་ཐན་གྱི་ནང་སྲིད་པུའུ་ཡིས་ཚེས་21ཉིན་ཟེར་བ་ལྟར་ན། དུས་ཡུན་ཆུ་ཚོད་10ཙམ་རིང་མེ་མདའ་རྒྱག་རེས་བྱས་མཐར། བདེ་འཇགས་དམག་གིས་རྒྱལ་ས་ཁ་པུར་གླིང་རིམ་མགྲོན་ཁང་གྱི་འཇབ་རྒོལ་དོན་རྐྱེན་ཞི་འཇགས་སུ་བཏང་བ་རེད། ཨ་ཧྥུ་ཀ་ནི་སེ་ཐན་གྱི་ཐཱ་ལི་པན་གྱིས་འཇབ་རྒོལ་བྱས་པ་ཡིན་ཟེར། 
         ཨ་ཧྥུ་ཀ་ནི་སེ་ཐན་གྱི་ནང་སྲིད་པུའུ་ཡིས་ཉིན་དེའི་ཕྱི་དྲོར་ཡོངས་བསྒྲགས་བྱེད་པའི་གསལ་བསྒྲགས་ནང་དུ། འཇབ་རྒོལ་བ་བཞིས་འབར་གས་གྱི་ལྟོས་གོས་གཡོན་ནས། དེ་གའི་ཚེས་20ཉིན་གྱི་ཆུ་ཚོད་9ཡས་མས་ལ་ཁ་པུར་གྱི་གླིང་རིམ་མགྲོན་ཁང་དུ་མཆོང་ནས་མཇབ་རྒོལ་བྱས། དེ་རྗེས་ཨ་ཧྥུ་ཀ་ནི་སེ་ཐན་གྱི་བདེ་འཇགས་དཔུང་སྡེ་དང་མེ་མདའ་རྒྱག་རེས་བྱས། མཐའ་མཇུག་ཏུ་བདེ་འཇགས་དཔུང་སྡེས་མགྲོན་ཁང་ནང་ནས་སྐུ་མགྲོན་160ཙམ་སྐྱོབ་པ་དེའི་ཁྲོད་དུ་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་41ཡོད། 
         ཨ་ཧྥུ་ཀ་ནི་སེ་ཐན་གྱི་ནང་སྲིད་པུའུ་ཡི་གཏམ་བཤད་པ་ནཱ་ཅི་པུའུ་·ཏཱ་ཉི་ཧྲིས་ཉིན་དེར་སྨྱན་སྦྱོར་པར་བཤད་པ་ལྟར་ན། འཇབ་རྒོལ་འོག་ཏུ་འཇབ་རྒོལ་བ་ཚུད་པའི་མི་གྲངས་22འདས་པ་དེའི་ནང་རྒྱལ་ཕྱིའི་སྤྱི་དམངས་14ཚུད་ཡོད་པ་བཤད། 
         ཨ་ཧྥུ་ཀ་ནི་སེ་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་21ཉིན་གསར་འགྱུར་ཡོངས་བསྒྲགས་བྱས་དོན་དུ། ཕྱོགས་མང་ནས་ཞིབ་དཔྱད་བསྡུར་བཤེར་བྱས་མཐར། ཁ་པུར་གླིང་རིམ་མགྲོན་ཁང་ལ་འཇབ་རྒོལ་བྱུང་བའི་ཁྲོད་གནས་སྐབས་ཀྲུང་གོའི་སྤྱི་དམངས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།
         ཨ་ཧྥུ་ཀ་ནི་སེ་ཐན་གྱི་ནང་སྲིད་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། ཐཱ་ལི་པན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐལ་དྲགས་རྩ་འཛུགས་ཀྱི་“ཧ་ཁཱ་ཉི་དྲ་སྦྲེལ་”གྱིས་འཇབ་རྒོལ་དེ་ཇུས་འགོད་བྱས་པ་ཡིན་ལུགས་ཁ་རྡུང་བཏང་བ་རེད། ཉིན་དེའི་ཕྱི་དྲོར་ཨ་ཧྥུ་ཀ་ནི་སེ་ཐན་གྱི་ཐཱ་ལི་པན་གྱིས་དྲ་སྦྲེལ་སྟེགས་བུ་བརྒྱུད་དེ་གསལ་བསྒྲགས་སྤེལ་བ་ལྟར་ན། རྩ་འཛུགས་དེ་འཇབ་རྒོལ་
    གྱི་དོན་རྐྱེན་འདི་བསླངས་པ་ཡིན་ཟེར། ཟླ་དང་པོའི་ཚེས་18ཉིན་ཨ་ཧྥུ་ཀ་ནི་སེ་ཐན་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་རང་གི་དྲ་ཚུགས་ཐོག་ཏུ་བདེ་འཇགས་ཀྱི་ཉེན་བརྡ་གཏོང་མྱོང་ཞིང་། ཐལ་དྲགས་རྩ་འཛུགས་ཀྱིས་ཁ་པུར་མགྲོན་ཁང་དུ་དང་། གསོལ་མགྲོན་ཁང་དུ་འཇབ་རྒོལ་བྱེད་ཉེན་ཡོད་ཅེས་བརྗོད་ཡོད་པ་རེད། 
         ཨ་ཧྥུ་ཀ་ནི་སེ་ཐན་དུ་ཉུང་ངོ་ལས་མེད་པའི་མཐོ་རིམ་མགྲོན་ཁང་ཁ་པུར་གླིང་རིམ་མགྲོན་ཁང་གྱིས་རྒྱུན་དུ་མཐོ་རིམ་གྲོས་ཚོགས་སྣ་ཚོགས་དང་ལེན་བྱེད་པ་དང་། གཙོ་བོ་ཨ་ཧྥུ་ཀ་ནི་སེ་ཐན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་རྒྱལ་ཕྱིའི་སྐུ་མགྲོན་སྣེ་ལེན་ཞུ་བཞིན་ཡོད། གླིང་རིམ་མགྲོན་ཁང་དེར་2011ལོའི་ཟླ་6ཚེས་28ཉིན་“ཧ་ཁཱ་ཉི་དྲ་སྦྲེལ་”དྲག་ཆས་ཤོག་ཁས་འཇབ་རྒོལ་བྱེད་མྱོང་ཞིང་། མི་གྲངས་21ཤི་སྐྱོན་བྱུང་མྱོང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།