འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེ་ཕྱོགས་སུ་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དགུ་ཐུག་བཟོ་བ།
    དགུ་ཐུག་བཟོ་བ།
          2017ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་34.48ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཏུན་ཁྲི་4.37ཐོན་འཕར་བྱུང་ལ། ས་ཞིང་མུའུ་རེར་ཆ་སྙོམས་སུ་ནས་རྒྱ་མ་51ཐོན་འཕར་བྱུང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་རང་ཁ་རང་གསོ་བྱུང་ཚད་དབྱར་སྟོན་དུས་ཀྱི་60%དང་དགུན་དཔྱིད་དུས་ཀྱི་40%རུ་མཐོ་རུ་ཕྱིན་ཡོད་པ། ནས་ལས་སྣོན་ཕྲ་ཞིབ་བྱས་འབྲས་གཡུར་ཟ་ཐོབ་ཡོད་ལ། ཨེ་མ་སྒང་གི་ཞོག་ཁོག་དང་གམ་པའི་ལུག་ཤ། གྲོ་མོའི་ཉ་ཤ་སོགས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས་ནི་བོད་ལྗོངས་ཕྱི་ནང་དུ་མིང་གྲགས་ཁྱབ་ཅིང་བྲིན་ཁ་རྒྱུག་པོ་ཡོད་པ་རེད།
          བཏབ་པ་ནི་རེ་བ་ཡིན་ཞིང་། ཐོབ་པ་ནི་འོད་སྟོང་འབར་བ་རེད། མི་རྣམས་ཀྱིས་ས་ཞིང་ལ་ལྷག་བསམ་རྣམ་དག་ཇི་ཙམ་བྱས་ན། དེ་ཡིས་མི་རྣམས་ལ་གྲུབ་འབྲས་དེ་ཙམ་གནང་ངེས་རེད། ལོ་གསར་པར་ང་ཚོས་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་དགོས།
    【1】  【2】  【3】
    གྲོ་སོ་ཕྱེ་མ་མཆོད་པ།
    གྲོ་སོ་ཕྱེ་མ་མཆོད་པ།
    རྡོ་རྗེ་དབང་ཕྱུག་ཚང་གི་ཁྱིམ་མི་ལྷན་འཛོམས་ཀྱི་མཉམ་པར།
    རྡོ་རྗེ་དབང་ཕྱུག་ཚང་གི་ཁྱིམ་མི་ལྷན་འཛོམས་ཀྱི་མཉམ་པར།
      

    ཕྱོགས་བསྡུས་གསར་འགྱུར།