འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེ་ཕྱོགས་སུ་ལོ་གསར་གྱི་རྣམ་པས་ཁེངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བཀྲ་ཤིས་ལྷུན་པོ་ཐང་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོ།
    བཀྲ་ཤིས་ལྷུན་པོ་ཐང་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོ།
          ལོ་གསར་གོང་ལོ་གསར་གྱི་ཉེར་མཁོ་ཉོ་སྒྲུབ་བྱེད་པའམ་ཡང་ན་དགུ་ཐུག་གི་དགོང་མོར་ཁྱིམ་མི་ཚང་མ་དགའ་སྤྲོའི་ངང་མཉམ་དུ་འཛོམས་པ་ཡིན་ནའང་འདྲ། ལོ་གསར་ཚེས་གཅིག་གི་ཞོགས་པར་ཆུ་ཕུད་དང་ས་ཕུད་སོགས་ལེན་པའམ་ཡང་ན་ལོ་གསར་ཚེས་གསུམ་ཉིན་གྱི་ཞོགས་པར་ཁང་པའི་ཐོག་ཁར་ལྷ་ལ་མཆོད་པ་དང་དར་ལྕོག་འཛུགས་པ་ཡིན་ནའང་འདྲ། གཞིས་ཀ་རྩེ་ཕྱོགས་ཀྱི་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལོ་གསར་པ་བསུ་བཞིན་ཡོད་པ་རེད།
          ལོ་ཟླ་ཞག་དུས་ཀྱི་འཁོར་ལོ་སྟོང་འཁོར་བྱས་ན་ཡང་། འགྱུར་བ་ཆེ་བ་ནི་ལོ་དང་ཟླ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་འཚོ་བ་དང་ཨ་མ་ལགས་ཀྱི་དཀར་རུ་འགྲོ་བཞིན་པའི་དབུ་སྐྲ། གྲོང་ཚོ་གསར་པར་འགྱུར་བཞིན་པའི་རྣམ་པ་བཅས་རེད། འོན་ཀྱང་། དུས་ནམ་ཞིག་ལའང་འགྱུར་བ་མེད་པ་ནི་ཡུན་རིང་དར་བའི་སྲོལ་རྒྱུན་གྱི་ཡིད་དབང་འཕྲོག་ཤུགས་དང་ལོ་ཟླ་མང་པོ་ལས་བྱུང་བའི་མཛའ་བརྩེ། བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་བཅས་རེད།
          ས་ཞིང་ནི་གཞིས་ཀ་རྩེ་ཕྱོགས་ཀྱི་མི་རྣམས་ཀྱི་འཚོ་བའི་རྟེན་ས་ཡིན་ལ། ཁོང་ཚོའི་བླ་སྲོག་ཀྱང་ཡིན། ལོ་ལྟར་སོ་ནམ་ལོ་གསར་ཤར་བ་ལས་གཞིས་ཀ་རྩེ་ཕྱོགས་ཀྱི་མི་རྣམས་ལ་སོ་ནམ་གྱི་ལས་ཀ་གསར་པ་འགོ་བརྩམས་པ་མཚོན་པ་རེད།
    【1】  【2】  【3】
    ཁྱིམ་མཚེས་མཉམ་འཛོམས་ངང་ལོ་གསར་གཏོང་བ།
    ཁྱིམ་མཚེས་མཉམ་འཛོམས་ངང་ལོ་གསར་གཏོང་བ།
    ལོ་ཕུད་ཉོ་བ།
    ལོ་ཕུད་ཉོ་བ།
      

    ཕྱོགས་བསྡུས་གསར་འགྱུར།