འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་ཚད་གཞིའི་མ་ལག་རགས་ཙམ་
    བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དོ་དམ་ཅུས་དེས་2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་སྐབས་ཆེད་དོན་ཚད་གཞི་ཁག་གཅིག་བཏོན་ནས་སྤྱི་གླིང་འཛུགས་སྐྲུན་གྱི་དོ་དམ་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཚད་གཞིའི་མ་ལག་རགས་ཙམ་ཆགས་པ་བྱ་རྩིས་ཡོད་པ་རེད།
          ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ཅུན་ལེང་གིས་དོ་དམ་ཅུས་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ནང་གི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་དང་། ལས་རིགས་ཀྱི་ཚད་གཞི། ས་གནས་ཀྱི་ཚད་གཞི་བཅས་གསེད་བཀྲོལ་བྱས་ནས་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཚད་ལྡན་དང་ལག་རྩལ་གྱི་ཚད་གཞིའི་ཕྱོགས་སྟོན་》བཟོ་འགོད་བྱས་ནས་པར་འགྲེམས་བྱས་ཡོད་ཅེས་བརྗོད་པ་རེད།
         ཅུན་ལེང་གིས“‘ཕྱོགས་སྟོན’དེར་ཁྱོན་ཚད་ལྡན་ཚད་གཞི་94སྤྱད་ཡོད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་འབྲེལ་བ་ཡོད་པའི་མིང་ཚིག་འགྲེལ་བཤད་ལ་ མཚན་ཉིད་རགས་ཙམ་བཞག་ཡོད། དོན་ཚན་འདི་དག་གིས་སྤྱི་གླིང་འཛུགས་སྐྲུན་ལ་ཤུགས་ཆེའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད་པ་མ་ཟད། ད་དུང་སྤྱི་གླིང་གི་དོ་དམ་ལས་དོན་ཁག་དེ་བས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་སྒྲིག་ལམ་ནང་འཇུག་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་དུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཉེ་ཆར་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལག་རྩལ་ཚད་གཞིའི་ཕྱོགས་སྟོན་སྒྲིག་སྲོལ་》བཀྲམ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་ནང་དོན་དང་། བཟོ་འགོད་ཚད་ལྡན། ལག་རྩལ་གྱི་བླང་བྱ་བཅས་བཏོན་ནས་ཚད་ལྡན་མ་ལག་གི་སྒྲོམ་གཞི་དང་ཚད་གཞི་གཏོད་རྒྱུ་རེད།
         ཐན་ཅུན་ལེང་གིས་ཚད་གཞིའི་མ་ལག་བསྐྲུན་རྒྱུ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་འཛུགས་སྐྲུན་དང་དོ་དམ་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དེས་སྡེ་ཚན་མང་པོས་དོན་དག་གཅིག་ལ་དོ་དམ་བྱེད་པའི་སྒྲིག་གཞིའི་འོག་རང་བྱུང་ཐོན་ཁུངས་དོ་དམ་དང་བེད་སྤྱོད་ཁྱབ་ཁོངས་ཀྱི་ཚད་གཞིའི་མ་ལག་ཁག་བགོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་ལ་སྤྱི་གླིང་རྒྱལ་སྤྱི་དང་སྦྲེལ་མཐུད་ཡོང་རྒྱུར་རོགས་རམ་ཐུབ་ཀྱི་རེད་ཅེས་བརྗོད།
         2016ལོའི་ཟླ་6པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོ་དེ་གཙང་གསུམ་ཆུ་འགོར་བཙུགས་ཡོད་པ་དང་། མཚོ་སྔོན་མགོ་ལོག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྫོང་4དང་དེ་བཞིན་ཁུ་ཁུ་ཤི་རི་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་12.3ཟིན་པའི་ཁྱབ་ཁོངས་ཚོད་ལྟའི་ཁྱབ་ཁོངས་ལ་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།