འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཀྱི་འོད་ཤུགས་དབུལ་སྐྱོར་གློག་ཁང་གིས་དུད་ཚང་དབུལ་པོ་ཁྲི་7ལ་འབབ་འཕར་
    བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲབ་འི་འཕྲིན། འོད་ཤུགས་དབུལ་སྐྱོར་ནི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་གསར་པ་གལ་ཆེན་ཞིག་རེད། གསར་འགོད་པར་ཧྲན་ཤིས་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་ཧྲན་ཤིས་ཞིང་ཆེན་དུ་བསྐྲུན་པའི་དྲ་སྦྲེལ་གློག་གཏོང་གི་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་78.96ཟིན་པ་དང་འོད་ཤུགས་དབུལ་སྐྱོར་གློག་ཁང་734ཡིས་གྲོང་ཚོ་དབུལ་པོ་2000ལྷག་ཙམ་ལ་ཕན་བཏགས་པ་དང་ཆབས་ཅིག དུད་ཚང་དབུལ་པོ་ཁྲི་7ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་ཀྱང་བྱས་པ་རེད།
         ཧྲན་ཤིས་འདི་ཉིད་ས་སེར་མཐོ་སྒང་གི་ཤར་རྒྱུད་དུ་གནས་པ་དང་ས་ཁུལ་དབུལ་པོ་མང་ཆེ་བར་ཉི་འོད་འདང་ངེས་ཡོད་པ་མ་ཟད། རི་རྒོད་ཐང་རྒོད་ཡངས་ཤིང་རྒྱ་ཆེ་བས། འོད་ཤུགས་གློག་ཁང་བསྐྲུན་རྒྱུར་ལེགས་ཆ་ཆེན་པོ་ལྡན་ཡོད། 2014ལོའི་ཟླ་10པར་ཧྲན་ཤིས་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འོད་ཤུགས་དབུལ་སྐྱོར་ཁག་དང་པོའི་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན་དུ་གཏན་འཁེལ་བྱས་པ་རེད།
          བསྡོམས་རྩིས་ལྟར་ན། 2017ལོའི་ལོ་མཇུག་བར་ཧྲན་ཤིས་སུ་བསྐྲུན་པའི་དྲ་སྦྲེལ་གློག་གཏོང་གི་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་78.96ཟིན་པའི་ནང་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་713ནས་གློག་ཆན་ཝ་ཁྲི་18.96བཏང་བ་དང་། གཅིག་སྡུད་འོད་ཤུགས་གློག་ཁང་21ནས་གློག་ཆན་ཝ་ཁྲི་60བཏང་ཡོད། འོད་ཤུགས་དབུལ་སྐྱོར་ཕན་འབྲས་ལས་གྲོང་ཚོ་དབུལ་པོ་2000ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། དུད་ཚང་དབུལ་པོ་ཁྲི་7ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།