འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུད་ཀྱིས་ཨར་གཞས་མྱུར་སྐྱོབ་ཀྱི་ཚུལ་དུ་སྲུང་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཚན་ཁག་དང་སྣེ་གདོང་ཁུལ་རིག་གནས་ཅུད་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་སྨིན་གྲོལ་གླིང་དགོན་པར་ཕེབས་ནས་ས་གནས་དེ་རང་དུ་ཨར་གཞས་ཡོངས་ཁྱབ་ཏུ་ཞིབ་བཤེར་གནང་བ་དང་། ཨར་གཞས་བརྙན་དུ་ཕབ་པ། ཨར་གཞས་རྒྱུད་འཛིན་མཁན་ལ་བཅར་འདྲི་གནང་ནས། མཚོན་བྱེད་རང་བཞིན་ལྡན་པའི་ཨར་གཞས་ཚིག་བཞི་འཚོལ་སྡུད་དག་སྒྲིག་བཅས་གནང་བ་རེད།
         ཨར་གཞས་ནི་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་ལ་དར་ཁྱབ་ཆེ་བས། སྔོན་ཆད་གཙོ་བོ་དགོན་སྡེ་ཁག་ཉམས་གསོ་དང་སྐུ་དྲག་གི་གཞིས་ཀ་འཛུགས་སྐྲུན་སྐབས་སུ་ལེན་གྱི་ཡོད་ལ། མང་ཚོགས་ཀྱིས་འབྱར་འཚི་ཆེ་བའི་ཨར་ས་ཞིབ་པར་བརྡུངས་རྗེས་ཁང་པའི་ས་ངོས་དང་ཁང་སྟེང་དུ་གཏོར་རྗེས། ཆེད་བཟོས་ཡོ་བྱད་སྤོ་ཏོ་ཡིས་ཡང་སྐོར་བསྐྱར་སྐོར་དུ་བརྡུང་ནས་བཟོ་སྐྲུན་དངོས་པོ་དེ་སྔར་ལས་སྲ་མཁྲེགས་སུ་གཏོང་བ་མ་ཟད་ཆར་ཆུ་འགོག་པ་དང་དཀར་གཙང་གི་ཕན་འབྲས་ཡོད། ངལ་རྩོལ་བྱེད་རིམ་ཁྲོད་མི་རྣམས་ཀྱིས་ཨར་གཞས་ལེན་བཞིན་ཨར་ཀ་གཅོག་པས།ངལ་རྩོལ་ཀྱི་གླུ་གར་ཞིག་ཏུ་གྲུབ་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ཁྲ་འབྲུག་རྒྱུད་ཀྱི་ཨར་གཞས་ལ་མཚོན་བྱེད་རང་བཞིན་ལྡན་པས། ད་བར་རྒྱུན་འཛིན་གྱི་ལོ་རྒྱུས་ལོ་ངོ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད།
         ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུད་ཀྱི་ཅུད་ཀྲང་རྡོ་རྗེ་ལགས་ཀྱིས། སྲུང་སྐྱོང་དང་རྒྱུན་འཛིན་གྱི་འགག་རྩ་ནི་རྒྱུན་འཛིན་པ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པས། རྒྱུན་འཛིན་པ་ནི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་གྱི་རྒྱུན་འཛིན་དང་བརྒྱུད་སྤྲོད་མཁན་ཡིན་པའི་ཆ་ནས། མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་དང་རྩེར་སོན་ལག་རྩལ་ཁོང་དུ་ཆུད་པ་དང་རྒྱུད་འཛིན་བྱེད་རྒྱུ་ནི་མངོན་མིན་རིག་གནས་ཤུལ་བཞག་མི་རབས་ནས་མི་རབས་བར་མི་ཉམས་པ་དང་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེ་ཤོས་རེད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།