འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་མཚོ་སྔོན་གྱིས་རིམ་མཚུངས་རེ་འདུན་གྱི་ཡིག་ཚགས་འདོན་སྤྲོད་ཀྱི་སློབ་བསྡུ་བྱེད་
    སྟངས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མཐོ་སློབ་སློབ་བསྡུ་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། སློབ་བསྡུའི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་བསྡུའི་ལས་ཆོད་ཆེ་རུ་གཏོང་ཆེད། མཚོ་སྔོན་གྱིས་2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཐད་རིམ་མཚུངས་རེ་འདུན་གྱི་ཡིག་ཚགས་འདོན་སྤྲོད་ཀྱི་སློབ་བསྡུ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད། དེ་གོང་མཚོ་སྔོན་གྱིས་2010ལོ་དང་2015ལོར་ཆེད་ལས་ཚན་ཁག་དཀྱུས་མ་དང་ཁག་གསུམ་པའི་དངོས་གཞིའི་ཚན་ཁག་ལ་རིམ་མཚུངས་རེ་འདུན་གྱི་རྣམ་པ་ཚོད་ལྟ་བྱས་པ་དང་2018ལོར་རིམ་མཚུངས་རེ་འདུན་གྱི་ལག་བསྟར་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་པ་དེའི་ནང་རྒྱལ་ཁབ་(ས་ཁུལ་)ཀྱི་ས་ཁུལ་དབུལ་པོའི་ཆེད་དོན་འཆར་གཞི་དང་། ཁག་དང་པོའི་དངོས་གཞིའི་ཚན་ཁག ཁག་གཉིས་པའི་དངོས་གཞིའི་ཚན་ཁག ཞིང་ཆེན་ནང་ཁུལ་གྱི་གྲ་སྒྲིག་ཚན་ཁག་གི་ཁག་ཐེངས་བཅས་ཚུད་ཡོད། ཚོད་རྩིས་རགས་ཙམ་བྱས་ན། ཞིང་ཆེན་འདིས་ལོ་འཁོར་འདིའི་ནང་སློབ་བསྡུའི་འཆར་གཞིའི་བསྡོམས་འབོར་གྱི་93%གཡས་གཡོན་ལ་རིམ་མཚུངས་རེ་འདུན་གྱི་ཡིག་ཚགས་འདོན་སྤྲོད་ཀྱི་སློབ་བསྡུ་བྱེད་སྟངས་སྤྱོད་རྒྱུ་ཡིན་པ་རེད།
         ཁག་དང་པོའི་དངོས་གཞིའི་ཚན་ཁག་དང་ཁག་གཉིས་པའི་དངོས་གཞིའི་ཚན་ཁག་ཁྲོད་ཀྱི་གནས་གཏན་འཁེལ་གྱི་སློབ་བསྡུ་དང་དེ་བཞིན་སྔོན་བསྡུའི་དངོས་གཞིའི་ཚན་ཁག་དང་སྔོན་བསྡུའི་ཆེད་ཚན་གྱི་སློབ་བསྡུའི་འཆར་གཞིའི་རིགས་རྙོག་འཛིང་ཆེ་བ་དང་དམིགས་བསལ་རེ་བ་མང་པོ་ཡོད་པའི་དབང་གིས་མཚོ་སྔོན་གྱིས་ད་ལྟ་ལག་བསྟར་བྱེད་པའི་ཞིང་ཆེན་ཕལ་ཆེ་བའི་བྱེད་ཐབས་ལ་དཔེ་བལྟས་ནས་རིམ་མཚུངས་རེ་འདུན་ལག་ལེན་མི་བསྟར་བར་མུ་མཐུད་སྐས་རིམ་རེ་འདུན་གྱི་ཡིག་ཚགས་འདོན་སྤྲོད་ཀྱི་སློབ་བསྡུའི་རྣམ་པ་གཞིར་བཟུང་སློབ་མ་བསྡུ་རྒྱུ་རེད།
         མཚོ་སྔོན་གྱི་རིམ་མཚུངས་རེ་འདུན་གྱི་རེའུ་མིག་འགོད་པའི་གཏན་འབེབས་གཞིར་བཟུང་། རིམ་མཚུངས་རེ་འདུན་གྱི་རེའུ་མིག་བཀོད་པའི་སློབ་གླིང་དང་ཆེད་ལས་ཀྱི་གྲངས་འབོར་སྐས་རིམ་རེ་འདུན་དང་བསྡུར་ན་ཆེས་ཆེར་མང་དུ་གཏོང་རྒྱུ་ཡིན་པ་དང་། ཁག་དང་པོའི་དངོས་གཞིའི་ཚན་ཁག་དང་ཁག་གཉིས་པའི་དངོས་གཞིའི་ཚན་ཁག་གིས་སློབ་གླིང་འདེམས་པའི་གྲངས་འབོར་2ནས་6བར་མང་དུ་གཏོང་རྒྱུ་ཡིན་པ། ཁག་གསུམ་པའི་དངོས་གཞིའི་ཚན་ཁག་དང་ཆེད་ཚན་དཀྱུས་མའི་སློབ་གླིང་འདེམས་པའི་གྲངས་འབོར་5ནས་6བར་མང་དུ་བཏང་ནས་སློབ་གླིང་མི་རེ་ངོ་རེའི་ཆེད་ལས་འདེམས་པའི་གྲངས་འབོར་4ནས་6བར་མང་དུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།