འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ལས་སྒོ་གཉེར་ནས་ལོ་གཉིས་འཁོར་བར་གྲུབ་འབྲས་ཧ་ཅང་
    བཟང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ལས་སྒོ་གཉེར་ནས་ལོ་གཉིས་འཁོར་བར་གྲུབ་འབྲས་ཧ་ཅང་
བཟང་པོ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་1ཚེས་16ཉིན། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་འགོ་འཛུགས་པའི་མཛད་སྒོ་དང་ལས་འཛིན་ལྷན་ཚོགས་དང་ཏུང་ཧྲི་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། གཉེར་སྐྱོང་བྱས་ཚུན་ལོ་གཉིས་རིང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཁོངས་མིའི་གྲངས་འབོར་དང་ཐོག་གི་མི་57ནས་ད་ལྟའི་མི་84བར་མང་དུ་སོང་བ་དང་། མ་འཇོག་ནང་ཞུགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་24ཟིན་པ་དེ་དག་རྒྱལ་ཁབ་12དང་འབྲེལ་བ་ཡོད་པ་མ་ཟད། དངུལ་བུན་གྲངས་འབོར་ཨ་སྒོར་དུང་ཕྱུར་42ཟིན་གྱི་ཡོད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་དུས་རབས་འཕེལ་རྒྱས་ཀྱི་མཁོ་དགོས་དང་མཐུན་པའི་ཁར་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་མཉམ་འདྲེས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འགྲུབ་པའི་ལས་སྟེགས་གསར་པར་གྱུར་ཡོད” གོང་གི་པར་རིས་ནི་ཉེ་དུས་པེ་ཅིང་ཨོ་ལིམ་ཕིག་སྤྱི་གླིང་ལྟེ་གནས་སུ་སྐྲུན་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཐོག་ཁང་ཨ་མ་ཡིན་པ་དང་སྔོན་དཔག་བྱས་ན་2019ལོའི་ལོ་མཇུག་ཏུ་རྩིས་སྤྲད་ནས་བེད་སྤྱོད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།