འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་དངུལ་ཁང་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་《དངུལ་རྩས་ཤིན་ཏུ་དབུལ་
    བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་ཁང་ལྟ་སྐུལ་དོ་དམ་ཨུ་ལྷན། འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་《དངུལ་རྩས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ་རེད། 《བསམ་འཆར་》ནང་བླང་བྱ་བཏོན་དོན། དངུལ་རྩའི་སྡེ་ཚན་གྱིས་དངུལ་རྩའི་མ་དངུལ་མང་དུ་བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དགོས་མཁོ་སྔོན་དུ་སྐོང་བ་དང་དངུལ་རྩའི་ཞབས་ཞུ་མང་དུ་བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྔོན་དུ་བཀོད་སྒྲིག་མཐའ་འཁྱོངས་བྱས་ནས་2020ལོའི་གོང་དུ་ལོ་རེར་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དངུལ་བུན་གཏོང་བའི་འཕར་ཚད་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གནས་སའི་དངུལ་བུན་གཏོང་བའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོང་བའི་བརྩོན་ལེན་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་གལ་ཆེན་བྱེད་དགོས།
         《བསམ་འཆར་》ནང་བཏོན་དོན། ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་སྐྱོར་དང་དངུལ་བུན་བསྐྱར་གཏོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྐྱོར་དང་དངུལ་བུན་བསྐྱར་གཏོང་གི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་2020ལོར་སླེབས་སྐབས་ལོ་རེར་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་སྐྱོར་དང་དངུལ་བུན་བསྐྱར་གཏོང་གིས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གནས་སའི་བསྡུར་གྲངས་བཟུང་ཚད་ལོ་གོང་མའི་དུས་མཚུངས་ལས་མཐོ་བ་དགོས། དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་དོ་དམ་ལེགས་སུ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལུགས་མཐུན་ངང་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་དང་། ནང་ཁུལ་གྱི་དབང་སྤྲོད་དང་ལས་རྗེས་དཔྱད་ཞིབ་ལེགས་སྒྲིག དངུལ་བུན་གཡར་བའི་དུས་ཚོད་འོས་འཚམ་ངང་རིང་དུ་གཏོང་བ། དངུལ་བུན་གཏོང་ཚད་ཕྱོགས་བསྡུས་གཏན་འཁེལ་བཅས་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྔར་བས་ལེགས་པའི་ངང་སྐོང་དགོས།
         《བསམ་འཆར་》ནང་ནན་བཤད་བྱས་དོན། ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་ཐད་ཀར་མ་རྩ་བསྡུ་སྒྲིལ་བྱེད་པའི་ཐབས་ལམ་ཇེ་ཡངས་སུ་གཏོང་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་རྐང་འཛིན་ཡོངས་བསྒྲགས་འགྲེམས་སྤེལ་ཐོག་མར་བྱས་ནས་ཞིབ་བཤེར་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ“སྙན་སེང་འབྱོར་མ་ཐག་ཞིབ་བཤེར་དང་ཞིབ་བཤེར་ཐོབ་མ་ཐག་འཕྲལ་མར་སྤྲོད་པའི”སྲིད་ཇུས་སྤྱོད་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་རྐང་དངུལ་བརྒྱུད་བཤུག་མ་ལག་ཏུ་སྒོ་བྱང་འགེལ་རྒྱུར་རྒྱབ་སྐྱོར་བྱས་ནས“ཆེད་མིས་སྦྲེལ་མཐུད་དང་ཆེད་དོན་ཞིབ་བཤེར”བྱེད་པ་དང“སྙན་སེང་འབྱོར་མ་ཐག་ཞིབ་བཤེར་དང་ཞིབ་བཤེར་ཐོབ་མ་ཐག་འཕྲལ་དུ་སྒོ་བྱང་འགེལ་བའི”སྲིད་ཇུས་སྤྱད་དེ་སྒོ་བྱང་འགེལ་བའི་ཐོག་མའི་འགྲོ་གྲོན་ཉུང་དུ་གཏོང་བའམ་རྩ་ཆག་གཏོང་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་ཀུང་སིའི་བུ་ལོན་དང་རྒྱུ་ནོར་ལ་རྒྱབ་སྐྱོར་བྱེད་པའི་འཛིན་ལོར་སྤྲོད་རིགས་ལ“ཆེད་མིས་འབྲེལ་མཐུད་དང་ཆེད་དོན་ཞིབ་བཤེར”བྱས་ནས“སྙན་སེང་འབྱོར་མ་ཐག་འཕྲལ་དུ་ཞིབ་བཤེར་བྱེད་པའི”སྲིད་ཇུས་སྤྱོད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།