འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་ས་ཆ་100%འགན་ལེན་བྱུང་བ། 

    སྔོན་ལ་སྤྱོད་པ་དང་རྗེས་སུ་སྙན་སེང་ཞུ་བ་དང་། འཛུགས་སྐྲུན་བྱེད་ཀྱིན་སྙན་སེང་ཞུ་བའི་ས་ཆའི་སྲིད་ཇུས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀོང་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ས་ཆའི་སྲིད་ཇུས་གསར་གཏོད་དང་རྒྱབ་སྐྱོར་བྱས་ནས་ཆ་རྐྱེན་ཚང་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ས་ཆ་སྔོན་ལ་སྤྱོད་པ་དང་དེ་རྗེས་སྙན་སེང་ཞུ་བ་དང་འཛུགས་སྐྲུན་བྱེད་ཀྱིན་སྙན་སེང་ཞུས་པས་རྣམ་གྲངས་ས་ཆའི་འགན་ལེན་གྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་ཕྱིན་ཡོད་པ་རེད། 2017ལོར་ཀོང་ཤིས་ཀྱི་ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་ས་ཆ་ཟླ་བ་གཉིས་སྔ་སྣུར་དུ་100%འགན་ལེན་བྱུང་བ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་སྔོན་ལ་སྤྱོད་པ་དང་རྗེས་སུ་སྙན་སེང་ཞུ་བའི་ས་ཆའི་སྲིད་ཇུས་ལ་རྒྱལ་ཁབ་ཀྱི་རིམ་པའི་ཁས་ལེན་ཐོབ་པ་དང་འབྲེལ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་བ་རེད།
         ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ས་ཆའི་འགན་ལེན་ལས་དོན་དེ་ལོ་འཁོར་གྱི་ལས་དོན་གཙོ་བོའི་གྲས་སུ་བཅུག་ནས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཀྱི་ས་ཆར་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱེད་པ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་ས་ཆར་ཟླ་རེར་སྙན་སེང་ཞུ་བའི་ལམ་ལུགས་བཙུགས་ཏེ་ས་ཁུལ་དབུལ་པོར་ལམ་ཤར་གཏོང་དང་། འཐུང་ཆུའི་བདེ་འཇགས། གེགས་འགོག་གེགས་སེལ། གློག་ཤུགས་འགན་ལེན། ཉེན་ཡོད་སྡོད་ཁང་སྒྱུར་བཀོད། ཐོན་ལས་འཕེལ་རྒྱས། ཡུལ་སྐོར་དབུལ་སྐྱོར་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་གི་དགོས་མཁོ་གཞིར་བཟུང་། དེ་སྔ་ངེས་པར་དུ་བཀོད་སྒྲིག་ཁུལ་སྐྲུན་དགོས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ས་ཆར་འབྲེལ་ཡོད་ཆ་རྐྱེན་ཚང་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྔོན་ལ་སྤྱོད་པ་དང་རྗེས་སུ་སྙན་སེང་ཞུ་བ་དང་འཛུགས་སྐྲུན་བྱེད་ཀྱིན་སྙན་སེང་ཞུ་ཆོག་པས་ས་ཆའི་སྙན་སེང་བཀའ་འཁྲོལ་དུས་ཡུན་རིང་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།
         2017ལོར་ཐིང་དེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་དང་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་རང་སྐྱོང་ལྗོངས་ཀྱི་སྤྱི་འདོམས་སྐུལ་འདེད་རྣམ་གྲངས་གལ་ཆེན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་ཆེད་དོན་དམིགས་ཚད་འགན་ལེན་ཁྱབ་ཁོངས་ནང་བཅུག་ཡོད། ཡུན་ནན་དང་། ཀོང་ཤིས། ཀུའེ་ཀྲོའུ་བཅས་ཀྱི་བྱེ་རྡོ་ཅན་དུ་འགྱུར་བའི་ཀོང་ཤིས་ས་ཁོངས་ཀྱི་རྫོང་དང་དེ་བཞིན་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་33ལ་རྫོང་རེར་འཛུགས་སྐྲུན་ས་ཆའི་དམིགས་ཚད་སྤྱི་ཆིང་40གསར་དུ་བསྣན་ནས་རྫོང་ཁག་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུན་གྱི་རྣམ་གྲངས་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། གེགས་འགོག་གེགས་སེལ། རྫོང་ཁོངས་དཔལ་འབྱོར་སོགས་ཀྱི་རྣམ་གྲངས་འགན་ལེན་བྱ་རྒྱུར་སྔོན་ལ་སྤྱོད་ཆོག དུས་མཚུངས་རང་སྐྱོང་ལྗོངས་ཞིང་པ་ལས་མིའི་ལས་གཏོད་གླིང་10ཡི་འཛུགས་སྐྲུན་ཚོད་ལྟའི་རྣམ་གྲངས་ཀྱི་ས་ཆའི་དམིགས་ཚད་སྤྱི་ཆིང་200ཆེད་མངགས་བཀོད་སྒྲིག་བྱས་པ་དང་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་བཅོས་སྒྲིག་རྣམ་གྲངས་ལ་གཟིགས་སྐྱོང་བཀོད་སྒྲིག་བྱས་ཏེ་སྔ་རྗེས་སུ་དབུལ་སྐྱོར་རྫོང་གི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་7.15སྤྲད་པ་རེད། ལྗོངས་ཡོངས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་ཆའི་སྣོན་འཕྲི་ཟུང་འབྲེལ་ཚོད་ལྟའི་རྣམ་གྲངས་35འཛུགས་རྒྱུར་ཆོག་མཆན་སྤྲད་དེ་འཁོར་རྒྱུག་དམིགས་ཚད་སྤྱི་ཆིང་973.81སྤྲད་པ་དང་རྫོང་དབུལ་པོར་སྣོན་འཕྲི་ཟུང་འབྲེལ་གྱི་གྲོན་ཆུང་ལྷག་འཕྲོའི་དམིགས་ཚད་སྤྱི་ཆིང་62.68ཁག་ལྔ་ཉོ་ཚོང་བྱ་རྒྱུར་སྐུལ་འདེད་བཏང་ནས་དམིགས་ཚད་ཡོང་འབབ་སྒོར་15834.56ཚང་མ་རྫོང་དབུལ་པོའི་འཛུགས་སྐྲུན་ཐད་སྤྱོད་རྒྱུར་སློག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།