འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཙམ་པི་ཁེར་རོགས་སྐྱོར་བྱེད་་མཁན་ཀྲུང་གོའི་དམག་དོན་སྨན་བཅོས་རིགས་གཅིག་མཁས་
    ཅན་ཚོགས་ཆུང་ཁག་དང་པོས་ལས་འགན་ལེགས་སྒྲུབ་བྱས་ནས་མེས་རྒྱལ་ལ་ལོག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེའི་དུས་ཚོད་ཟླ་1ཚེས་15ཉིན་གྱི་སྔ་དྲོར་མོ་ཙམ་པི་ཁེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོས་རོགས་སྐྱོར་གྱི་ལས་འགན་ལེགས་སྒྲུབ་བྱས་ནས་མེས་རྒྱལ་ལ་ལོག་པ་རེད།
         མོ་ཕུ་ཐོའི་དམག་དོན་སྨན་ཁང་དུ་ལས་ཀ་བྱས་ནས་ཟླ་བ་གཉིས་ཙམ་སྡོད་རིང་། ཀྲུང་གོའི་སྨན་པ་དགུས་སྐད་བརྡ་མི་འཕྲོད་པ་དང་། ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་རྗེས་ལུས་དང་ཆུ་ཚད་ཞན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། སྒོ་བསྟེན་སྨན་ཁང་དང་། ནད་དཔྱད། ལས་སྒོ་སྤེལ་རེས་སོགས་རོགས་ཁྲིད་ལས་དོན་རང་ཚུགས་ངང་སྤེལ་ནས་ད་ཐེངས་ཀྱི་རོགས་སྐྱོར་ལས་འགན་ལེགས་པར་བསྒྲུབས་ཤིང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚོགས་ཆུང་ཡོངས་ཀྱིས་ལས་འགན་སྒྲུབ་རིང་ནད་པ་སྣ་ཚོགས་མི་ཐེངས་3000ཙམ་ལ་ནད་དཔྱད་བྱས་ནས་རང་ཚུགས་ཀྱིས་གཤགས་བཅོས་ཆེ་ཆུང་40ལྷག་བྱས་པའམ་དེར་ཞུགས་པས་སྨན་བཅོས་ཀྱི་ཕན་འབྲས་ལ་མོ་ཙམ་པི་ཁེའི་དམག་ཕྱོགས་དང་ནད་པའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།
         ཚེས་14ཉིན་གྱི་དགའ་སྐྱེལ་འདུ་ཚོགས་ཐོག་མོ་ཙམ་པི་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུའུ་ཅན་ཧྲེང་གིས་ད་རེས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ“གྲུབ་འབྲས་མངོན་གསལ་དོད་པ་དང་། འགན་འཁྲིར་ངོ་གནོང་མི་དགོས་པ་ཞིག་བྱུང་ཡོད”ཅེས་བསྔགས་བརྗོད་བྱས།
        མོ་ཕུ་ཐོ་དམག་དོན་སྨན་ཁང་གི་ཡོན་ཀྲང་དམག་དཔོན་ཨར་མན་ཏོ·མའེ་ལུའོ་ཡིས་དགའ་སྐྱེལ་འདུ་ཚོགས་ཐོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
         དམག་དོན་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ནི་ནན་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ་བཅས་ཀྱི་དཔུང་སྡེའི་སྨན་ཁང་ནས་ཡིན་པ་དང་། རིགས་གཅིག་མཁས་ཅན་དགུ་པོ་དག་ཕྱི་བཅོས་དང་། ཁོང་ནད། རུས་ནད། སྣ་རྣ་མིད་ནད། ན་གཞི་ལྕི་པོ་ལྟ་སྐྱོང་སོགས་ཀྱི་སྨན་བཅོས་ཆེད་ལས་དགུ་ལ་ཁྱབ་ཡོད།
     
      

    ཕྱོགས་བསྡུས་གསར་འགྱུར།