འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མེ་རི་ཁ་གླིང་བྱང་མའི་རླངས་འཁོར་འགྲེམས་སྟོན་གྱི་འགན་ཁུར་བས་ཀྲུང་གོའི་རླངས་འཁོར་
    ལས་རིགས་ལ་རྗེས་ཐོན་གྱི་ལེགས་ཆ་མངོན་གསལ་དོད་པོ་འདུག་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཨ་མེ་རི་ཁ་གླིང་བྱང་མའི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་གྱི་ལག་བསྟར་ལས་འཛིན་པ་ལུའོ་ཏེ·ཨའེ་པོ་ཐེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མིག་སྔར་ཀྲུང་གོའི་རླངས་འཁོར་ཀུང་སི་འགའ་ཤས་ལ་ནུས་རྒྱུ་གསར་པ་དང་། དྲ་སྦྲེལ། རང་འགུལ་འཁོར་གཏོང་སོགས་ཀྱི་རྗེས་ཐོན་གྱི་ལེགས་ཆ་མངོན་གསལ་དོད་པོ་འདུག་ཅེས་བཤད།
         ཨའེ་པོ་ཐེ་ཡིས་འབྱུང་འགྱུར་ལོ་5ནས་10ཡི་ནང་ཀྲུང་གོའི་རླངས་འཁོར་ཀུང་སི་འགའ་ཤས་ཀྱི་ནུས་རྩལ་ཨ་རི་དང་འཛམ་གླིང་གི་རླངས་འཁོར་ཁྲོམ་རར་མངོན་རྒྱུ་དང་། ལྷག་པར་དུ་གློག་འགུལ་རླངས་འཁོར་དང་། ནུས་རྒྱུ་གསར་པ། དྲ་སྦྲེལ། ལག་རྩལ་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཀྲུང་གོ་གོང་འཕེལ་མགྱོགས་པོ་ཕྱིན་ནས་འཕེལ་རིམ་རྒྱུན་མཐུད་རང་བཞིན་དང་གསོན་ཤུགས་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།