འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།"ཨ་ཧྥེ་རི་ཁའི་ལན་པར"གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་པ། 

    ཨེ་ཙེ་ཨོ་ཕི་ཡར་ཆེད་དུ་མངགས་པའི་འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཀྲི་ཝུའེ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་ནུབ་བྱང་གྲོང་འདབས་སུ་ཧྭ་ཅན་རྒྱལ་སྤྱི་ཡང་བའི་བཟོ་ལས་གླིང་ཛ་དྲག་ངང་འཛུགས་སྐྲུན་བྱེད་བཞིན་མཆིས། བཟོ་ལས་གླིང་གི་དུས་ཐེངས་དང་པོའི་ཁུལ་དུ་སྐྱོད་སྐབས་གསར་དུ་བསྐྲུན་པའི་འཁོར་ཁང་གཉིས་སུ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་བཞིན་ཡོད། ལས་བཟོ་2000ཙམ་གྱིས་ཐོན་སྐྱེད་སྒྲུབ་རིམ་ཐོག་བྲེལ་བརྩོན་ཆེན་པོས“ཨེ་ཙེ་ཨོ་ཕི་ཡའི་ལན་པར”གྱི་བུ་མོའི་ལྷམ་ཐོན་སྐྱེད་བྱས་ཏེ་དོ་པོ་བརྒྱབ་ནས་ཨ་རིར་དབོར་གྱི་ཡོད། “རྒྱུད་གཅིག་ལམ་གཅིག”གིས་ཨེ་ཙེ་ཨོ་ཕི་ཡ་དང་སྦྲེལ་མཐུད་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་གསར་པ་ཞིག་ཏུ་གྱུར་ཡོད།
         འདི་ལོ་ལོ་27ལ་སླེབས་པའི་ཏེ་སྨི་ཤི·ཏེ་ཀེ་ཕུའུ་ནི་ཧྭ་ཅན་ལྷམ་བཟོ་གྲྭའི་འཁོར་ཁང་གི་ཅིང་ལི་རེད། ཧྭ་ཅན་དུ་ལས་ཀར་ཞུགས་རྗེས། ཁོང་ལ་ཀྲུང་གོར་རྒྱ་ཡིག་དང་དོ་དམ་སློབ་སྦྱོང་བྱེད་པར་སྐྱོད་པའི་གོ་སྐབས་ཤིག་རག་པ་རེད། "རང་ཉིད་ལ་ཀྲུང་གོ་ནས་ཤེས་བྱ་མང་པོ་ཞིག་ཐོབ་པ་དེའི་ཁྲོད་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ཕུད་ད་དུང་ཀྲུང་གོའི་རིག་གནས་དང་། དུས་ཚོད་དང་ལས་ཀའི་འདུ་ཤེས་ཀྱང་ཡོད" ལོ་6གི་རིང་ཏེ་ཀེ་ཕུའུ་སློབ་གྲྭ་ཆེ་མོ་བ་ཞིག་ནས་འཁོར་ཁང་གི་ཅིང་ལིར་གྱུར་པ་དང་། ཟླ་རེར་ཡོང་འབབ་པི་འར་སྒོར་མོ་ཁྲི་2ལྷག་ཙམ་(ཨ་སྒོར་1ལ་ཧ་ལམ་པི་འར་སྒོར་མོ་22.7ཙམ་ཟིན་པ་)ཟིན་ནས་ས་གནས་དེ་གའི་མི་རྣམས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་པའི་ཕྱུག་བདག་ཅིག་ལ་གྱུར་ཡོད།
         "རྒྱུད་གཅིག་ལམ་གཅིག"གིས་ཏེ་ཀེ་ཕུའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ཤིང་། ཨེ་ཙེ་ཨོ་ཕི་ཡས་བཟོ་ལས་ཅན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་དེ་དཔྱད་གཞིའི་མེ་ལོང་ཡག་ཤོས་སུ་བརྩི་ཡི་ཡོད། “རྒྱུད་གཅིག་ལམ་གཅིག”གིས་ཨེ་ཙེ་ཨོ་ཕི་ཡ་དང་སྦྲེལ་མཐུད་བྱས་ནས་ཡ་ཅི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་དེ་གའི་ཟོག་འགྲེམས་ཀྱི་མ་གནས་ཆེས་ཆེར་ཆག་ཡོད། གྲུབ་འབྲས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པའི་ཀྲུང་གོའི་མ་རྩ་འཇོག་མཁན་གྱིས“རྒྱུད་གཅིག་ལམ་གཅིག”བརྒྱུད་ཨ་ཧྥེ་རི་ཁ་དང་ཨེ་ཙེ་ཨོ་ཕི་ཡར་བསྐྱོད་ནས་ས་གནས་དེ་གའི་མི་རྣམས་ཀྱི་ཕུགས་བསམ་མངོན་འགྱུར་བྱས་ཡོད་པ་རེད།
         ཏེ་ཀེ་ཕུའུ་དང་འདྲ་བར་ཧྭ་ཅན་ཚོགས་པའི་བཟོ་གྲྭ་གཉིས་སུ་ལས་ཀ་བྱེད་མཁན་ས་གནས་དེའི་ལས་བཟོ་6000ཙམ་ཡོད་པ་དང་། ལས་ཀ་བརྟན་པོ་དང་ཡོང་འབབ་མང་པོ་ཡོད་པ་དེས་ཁོང་ཚོའི་ཡིད་དབང་འཕྲོགས་ཡོད་རེད། "ཀུང་སིས་བཟའ་སྡོད་གཉིས་ཀ་འགན་ལེན་བྱེད་ཀྱི་ཡོད་པ་དང་། བསགས་བསགས་གྲུང་གྲུང་བྱས་པའི་དངུལ་ལྷག་མ་རྣམས་ཁྱིམ་ལ་སྐུར་གྱི་ཡོད་པས། ཁྱིམ་ཚང་6000ཙམ་གྱི་འཚོ་བ་དེའི་རྐྱེན་གྱིས་ལེགས་སུ་ཕྱིན་ཡོད་པ་རེད" བཟོ་ལས་གླིང་དུ་ལས་ཀ་འཚོལ་བར་ཡོང་མཁན་རྒྱུན་ཆད་རྒྱུ་མེད་པ་དང་སྤུན་མཆེད་དང་གྲོགས་པོ་མང་པོ་ཞིག་གིས་རང་ཉིད་བཙལ་ནས་སྐད་ཆ་འདྲི་ཡི་འདུག་ཅེས་ཏེ་ཀེ་ཕུའུ་ཡིས་བཤད།
         2012ལོར་ཨེ་ཙེ་ཨོ་ཕི་ཡར་མ་རྩ་བཞག་ནས་བཟོ་གྲྭ་སྐྲུན་པར་སླེབས་ཚུན། ཀྲུང་གོའི་ཧྭ་ཅན་ཚོགས་པ་དེ་རྒྱལ་ཁབ་དེ་གའི་ཕྱིར་གཏོང་ཁེ་ལས་ཆེ་ཤོས་སུ་གྱུར་ནས་ན་ནིང་ཨེ་ཙེ་ཨོ་ཕི་ཡར་ཕྱི་དངུལ་ཨ་སྒོར་ཁྲི་2000ལྷག་ཙམ་བཏོད་ཡོད། "འཆར་འགོད་ཀྱི་རྒྱ་ཁྱོན་སྤྱི་ཆིང་138ཟིན་པ་དང་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་20བཏང་བའི་ཧྭ་ཅན་རྒྱལ་སྤྱི་ཡང་བའི་བཟོ་ལས་གླིང་དེ་2020ལོར་བསྐྲུན་ཟིན་རྒྱུ་རེད"ཅེས་ཧྭ་ཅན་ཚོགས་པ་ཨེ་ཙེ་ཨོ་ཕི་ཡ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུང་དབྱི་ཕིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད། བཟོ་ལས་གླིང་དེས་འབྱུང་འགྱུར་ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་3ལྷག་གཏོད་རྒྱུ་ཡིན་ཞིང་། མིག་སྔར་ཁེ་ལས་10ལྷག་ཙམ་གྱིས་བཅའ་སྡོད་གྲོས་མཐུན་ལ་མིང་རྟགས་བཀོད་པས་འབྱུང་འགྱུར་ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ཨེ་ཙེ་ཨོ་ཕི་ཡར་བསྐྱོད་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།