འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁག་20པའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་དམག་མིའི་སྨན་པའི་ཚོགས་ཆུང་
    ལ"རྒྱལ་སྤྱིའི་མཉམ་ལས་བྱས་རྗེས་གཟེངས་རྟགས"ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན། ཙན་པི་ཡའི་རྒྱལ་སྲུང་པུས་སྐམ་དམག་སི་ལིང་པུའུ་རུ་ཀྲུང་གོའི་ཁག་20པའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་དམག་མིའི་སྨན་པའི་ཚོགས་ཆུང་གི་ཁོངས་མི་11ལ“རྒྱལ་སྤྱིའི་མཉམ་ལས་བྱས་རྗེས་གཟེངས་རྟགས”སྤྲད་ནས་དམག་མིའི་སྨན་པའི་ཚོགས་ཆུང་གིས་ཙན་པི་ཡར་སྡོད་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱས་པ་རེད།
         ཙན་པི་ཡའི་རྒྱལ་སྲུང་པུའི་མཐོ་རིམ་དམག་དཔོན་དང་དེ་བཞིན་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་ཡིའུ་མིང་དང་གཞུང་ཚབ་ཁང་གི་དྲག་དཔོན་སུན་མིང་སོགས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།
         ཙན་པི་ཡའི་རྒྱལ་སྲུང་པུའི་རྒྱུན་ལས་དྲུང་ཡིག་མུའུ་ཝ་ལེས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་ཤིས་ཚིག་གསུངས་སྐབས། ཙན་པི་ཡ་སྲིད་གཞུང་དང་། རྒྱལ་སྲུང་པུའུ། དྲག་ཆས་སྟོབས་ཤུགས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་མཐུད་ངང་ཙན་པི་ཡའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་སྒེར་སེམས་མེད་པར་རོགས་སྐྱོར་ཚད་མེད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁག་20པའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་དམག་མིའི་སྨན་པའི་ཚོགས་ཆུང་གིས་ཙན་པི་ཡར་ཉིན་མཚན་བལྟོས་མེད་ངང་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་བྱས་པར་ཚད་མཐོའི་གདེང་འཇོག་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།