འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསུམ་རིང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རྒྱུན་སྤྱོད་འཛད་རྫས་ལ་རྒྱལ་ཁབ་ཀྱིས་ལྟ་སྐུལ་འཐེན་བཤེར་བྱས་ནས་ཚད་གཞི་ལོན་ཚད་91.6%ཟིན་པ་དང་། དངོས་ཟོག་ཕྱིར་གཏོང་ཕྱིར་སློག་བྱེད་ཚད་ལོ་གོང་མ་ལས་8.84%ཆག་ནས་ཞབས་ཞུའི་ལས་རིགས་གཙོ་བོའི་སྤུས་ཚད་ཀྱི་ཆུ་ཚད་བརྟན་ཐོག་ལེགས་བརྩོན་བྱུང་ཡོད་པ་རེད།
         སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲེ་ཧྲུའུ་ཕིང་གིས། ད་ལྟ་ནས་2020ལོ་བར། སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལོ་གསུམ་རིང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་སྤེལ་ཏེ། 2035ལོར་སླེབས་སྐབས་སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ་སྤྱིར་ན་བསྐྲུན་རྒྱུ་དང་དུས་རབས་དེའི་དུས་དཀྱིལ་དུ་སླེབས་སྐབས་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
          སྤུས་ཚད་མཐོར་གཏོང་བྱ་སྤྱོད་ནང་། གཙོ་བོ་ཞིང་ལས་ཐོན་རྫས་དང་བཟའ་བཅའ་དང་སྨན་རྫས་སྤུས་དག་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་རྒྱུ་དང་། འཛད་རྫས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། སྒྲིག་ཆས་བཟོ་སྐྲུན་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། མ་བཅོས་རྒྱུ་ཆའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་རྒྱུ། འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཞབས་ཞུའི་ལས་རིགས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་བཅོས་སྒྲིག་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཕྱི་ཕྱོགས་ཉོ་ཚོང་ལེགས་གཏོང་རིམ་སྤོར་མྱུར་དུ་གཏོང་རྒྱུ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།