འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་གྱིས"རིག་ལྡན་སིལ་ཚོང"གིས་ཀྲུང་གོའི་སྲོལ་རྒྱུན་སིལ་
    ཚོང་ལས་རིགས་དར་རྒྱས་ལ་རམ་འདེགས་བྱེད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་13ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན། “ཀྲུང་གོའི་གསར་གཏོད་མེ་གླིང་བྱང་མའི་མཐོ་རིམ་གླེང་སྟེགས”ཨ་རིའི་ལ་སི་ཝེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་རིང་འཚོག་རྒྱུ་ཡིན་ཞིང་། ཚོགས་ཞུགས་ཀྱི་རྒྱལ་སྤྱིའི་ཆེད་ལས་མི་སྣས་ཀྲུང་གོའི་ཐོན་ལས་གསར་གཏོད་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་སྐབས“རིག་ནུས་སིལ་ཚོང”གིས་ཀྲུང་གོའི་སྲོལ་རྒྱུན་སིལ་ཚོང་ལས་རིགས་བསྐྱར་དར་ལ་རོགས་རམ་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད།
         གླེང་སྟེགས་ཐོག་《ཀྲུང་གོའི་འཛད་སྤྱོད་གློག་རྡུལ་ཞིབ་འཇུག་སྙན་ཞུ་》ཡོངས་བསྒྲགས་བྱས་ཏེ་ཟོག་སྦྲེལ་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་མྱུར་པོ་སོང་བ་ལས། སྲོལ་རྒྱུན་སིལ་ཚོང་བསྐྱར་དར་ལ་ལག་རྩལ་གྱི་འདེགས་སྐྱོར་བྱ་སྲིད། སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་ཟོག་སྦྲེལ་དྲ་རྒྱའི་མཐའ་སྣེ་དུང་ཕྱུར་380ཟིན་རྒྱུ་དང་ཀྲུང་གོ་གོ་ལ་ཧྲིལ་པོའི་ཟོག་སྦྲེལ་དྲ་རྒྱའི་ཁྲོམ་ར་ཆེ་ཤོས་སུ་འགྱུར་སྲིད་པའི་ངོས་འཛིན་བྱས།
         ཨ་རིའི་སིལ་ཚོང་ལས་རིགས་ཀྱི་འགོ་ཁྲིད་མཐུན་ཚོགས་ཀྱི་ཞིབ་འཇུག་དང་། གསར་གཏོད། དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་སྤྱི་ཁྱབ་ཙུང་ཚའེ་ཡིན་པའི་ཡཱ་ཏང·ཤེས་གེར་གྱིས“ཀྲུང་གོས་བྲིན་ཚོང་བྱེད་པའི་མི་མེད་ཚོང་ཁང་བཙུགས་ཐུབ་པ་དངོས་ནས་གྱོང་པོ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།