འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་ལ"རྒྱུད་གཅིག་ལམ་གཅིག"གི་དྲིལ་སྒྲོག་པ་ཞིག་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་13ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་གྱི་ཕྱིར་སྡོད་རང་མིའི་ཚགས་པར་ཁང་གི་ཧྲེ་ཀྲང་ཏོན་གཡོད་ཀྲུང་གིས་བྲིས་པའི་རི་པིན་དུ“རྒྱུད་གཅིག་ལམ་གཅིག”ཁྱབ་གདལ་གཏོང་བའི་རྩོམ་དེར་ཚེས་10ཉིན་ཀྲུང་གོ་གསར་འགྱུར་ཁང་གིས་གཉེར་བའི“ཕྱིར་སྡོད་རང་མི”ཞེས་པའི“དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་རྩོམ་བསྡུའི་བྱེད་སྒོར་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།
         ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་4ལྷག་ཙམ་སོང་ཚུན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཐོན་ཡོད་མོད། འོན་ཀྱང་རི་པིན་དུ་གྲོས་འགོ་དེ་ཤེས་རྟོགས་ཐུབ་མཁན་མང་པོ་མེད། འདས་ཟིན་པའི་ལོ་གཅིག་ནང“རྒྱུད་གཅིག་ལམ་གཅིག”སྐོར་གྱི་རི་པིན་སྐད་ཡིག་གི་དེབ་དང་པོ་དེ་རི་པིན་དུ་དཔེ་སྐྲུན་བྱས་པ་དང་རི་པིན་དུ“རྒྱུད་གཅིག་ལམ་གཅིག”གི་ཞིབ་འཇུག་ལྟེ་གནས་དང་པོ་དེ་ཐོ་ཁེའོ་རུ་བཙུགས་པའི་གྲུབ་འབྲས་དེ་དག་ཏོན་གཡོད་ཀྲུང་གི་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བཏང་བ་དང་ཁ་འབྲལ་ཐབས་མེད།
         ཕྱི་ཁོངས་ཀྲུང་གོ་བ་གསར་འགོད་པ་ཏོན་གཡོད་ཀྲུང་གིས་1996ལོར་ཆེད་མངགས་ཀྲུང་རིའི་རིག་གནས་སྤེལ་རེས་ཀྱི་དཔེ་དེབ་དཔེ་སྐྲུན་བྱེད་མཁན་རི་པིན་ཕྱིར་སྡོད་རང་མིའི་ཚགས་པར་ཁང་བཙུགས་པ་རེད། 2016ལོའི་ལོ་མཇུག་ཏུ་ཁོང་གིས་མི་དམངས་དཔེ་བསྐྲུན་ཁང་ནས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་དབྱི་ཀུའེ་ཡི་《རྒྱུད་གཅིག་ལམ་གཅིག གོ་སྐབས་དང་འགྲན་སློང་》ཞེས་པའི་དེབ་དེ་རི་པིན་ཡི་གེའི་པར་མའི་པར་དབང་ནང་འདྲེན་བྱས་པ་དང་ལོ་ཕྱེད་སོང་རྗེས་རི་པིན་ཡི་གེའི་པར་མའི་《རྒྱུད་གཅིག་ལམ་གཅིག་གི་རྒྱས་བཤད་》དཔེ་སྐྲུན་བྱས་པ་རེད།
         ཏོན་གཡུད་ཀྲུང་གིས་གསར་འགོར་པར་རི་པིན་གྱི་དཔེ་སྐྲུན་ཁང་4000ལྷག་ཙམ་ནས་རི་པིན་ཕྱིར་སྡོད་རང་མིའི་ཚགས་པར་ཁང་ནི“རྒྱུད་གཅིག་ལམ་གཅིག”གི་འདུ་ཤེས་རི་ཡིག་ནས་ཁྱབ་གདལ་གཏོང་མཁན་དང་པོ་དེ་རེད་ཅེས་བཤད།
         2017ལོའི་ཟླ་11ཚེས་30ཉིན“རྒྱུད་གཅིག་ལམ་གཅིག”གི་རི་པིན་ཞིབ་འཇུག་ལྟེ་གནས་ཐོ་ཁེའོ་རུ་དངོས་སུ་བཙུགས་པ་དང་འདི་ནི་རི་པིན་གྱི་སློབ་གསོའི་ལས་རིགས་སུ“རྒྱུད་གཅིག་ལམ་གཅིག”སྐོར་གྱི་ཞིབ་འཇུག་རྩ་འཛུགས་དང་པོ་དེ་ཡིན་ཞིང་། ཏོན་གཡོད་ཀྲུང་དང་མཁས་དབང་20ལྷག་ཙམ་ཐོག་མའི་སྐུལ་སློང་བྱེད་མཁན་དུ་གྱུར་པ་དང་ཅིན་ཐེང་རུང་དབྱེ“རྒྱུད་གཅིག་ལམ་གཅིག”རི་པིན་ཞིབ་འཇུག་ལྟེ་གནས་ཀྱི་ཁྲིམས་མིར་གྱུར་ཡོད།
         ཀྲུང་གོའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་མཁན་ཕྱི་ཁོངས་ཀྲུང་གོ་བ་ཏོན་གཡོད་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་རི་པིན་དུ་དྲིལ་བསྒྲགས་ཁྱབ་གདལ་གཏོང་བའི་ཐད་རང་ནུས་གང་ཡོད་བཏོན་ཐུབ་ནས་སེམས་ལ་དགའ་ཚོར་སྐྱེ་གི་འདུག རི་པིན་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཤེས་རྟོགས་དང་། ངོས་འཛིན། རྒྱབ་སྐྱོར་བཅས་ཐོབ་རྒྱུར་ད་དུང་ལས་དོན་མང་པོ་སྒྲུབ་དགོས་ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།