འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གར་སྟེགས་ཆུང་ཆུང་ཐོག་དབུལ་སྒྲོལ་གྱི་ཕུགས་འདུན་ཆེན་པོ་
    འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 17:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གར་སྟེགས་ཆུང་ཆུང་ཐོག་དབུལ་སྒྲོལ་གྱི་ཕུགས་འདུན་ཆེན་པོ་
འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕྱོགས་བསྡོམས་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བའི་ལས་དོན་ཚོགས་འདུ་བྲག་ཡིབ་ཆུས་ཀྱི་སྲིད་གཞུང་དུ་འཚོགས་ཤིང་། དབུལ་སྒྲོལ་མང་ཚོགས་དང་ལས་བྱེད་པས་མཉམ་དུ་འཁྲབ་ཚན་ཐུང་གྲས་དང་གླུ་གཞས། སྨྱུག་རོལ་མགྱོགས་གཏམ། ཞབས་བྲོ་སོགས་ཀྱི་འཁྲབ་ཚན་འཁྲབ་སྟོན་བྱས་ནས་སེམས་གཏིང་གི་དགའ་སྤྲོ་དང་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་བའི་བསམ་པ་མཚོན་པ་རེད། གོང་གི་པར་རིས་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།