འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་དཔྱིད་གསར་སྐྱེལ་འདྲེན་ལ"ཉམས་སད་ཆེན་པོ"བྱས་ཏེ་སྡེ་ཁག་11
    གིས"གཡས་སྲུང་གཡོན་སྐྱོར"བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚོད་དཔག་བྱས་ན་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ལ་རྒྱལ་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་དུང་ཕྱུར་3.88བྱེད་རྒྱུ་ཡིན་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་མི་ཁྲི་3131སྟེ་8.8%འཕར་ཞིང་། ཉིན་རེར་ཆ་སྙོམས་སུ་མི་ཐེངས་ཁྲི་971འཕར་རྒྱུ་རེད།
         མེ་འཁོར་ལ་སྡོད་མཁན་འགྲུལ་པ་མགྱོགས་མྱུར་འཕར་བར་གཞིགས་ནས་ལྕགས་ལམ་སྡེ་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་ལ་འགྲུལ་པ་མང་ཤོས་ཀྱི་སྐབས་སུ་དགོང་མོའི་མྱུར་བགྲོད་མེ་འཁོར་ཆ་88.5བསྣན་ནས་གཏོང་རྒྱུ་ཡིན་པས། འགྲུལ་པ་སྐྱེལ་འདྲེན་ནུས་པ་གསབ་སྣོན་ནུས་ལྡན་བྱས་པ་རེད།
         ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར་གཞོན་པ་ལི་ཝུན་ཞིན་གྱིས“ད་ལོར་ལན་ཀྲོའུ་ནས་ཁྲུང་ཆིང་བར་དང་། ཞི་ཨན་ནས་ཁྲེན་ཏུའུ་བར་སོགས་ཀྱི་ལྕགས་ལམ་གསར་པར་མེ་འཁོར་ཤར་གཏོང་བྱས་པ་དེས"སི་ཁྲོན་དུ་སྐྱོད་པའི་འགྲུལ་ལམ་སྔར་བཞིན་དཀའ་ལས་མེད་པ"མངོན་འགྱུར་བྱུང་བ་རེད།  ནུབ་རྒྱུད་ཀྱི་ལྕགས་ལམ་གསར་པའི་སྐྱེལ་འདྲེན་ནུས་པ་བེད་སྤྱོད་གང་ལེགས་བྱས་ནས་ཤུགས་འགྲེམས་མེ་འཁོར་ཚགས་དམ་པོ་བཏང་སྟེ་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་ཚོའི་དགོས་མཁོ་སྐོང་ཐབས་སྔར་ལས་ལེགས་པར་བྱེད་དགོས”ཞེས་བསྟན་པ་རེད།
         དམངས་སྤྱོད་མཁའ་འགྲུལ། དཔྱིད་གསར་སྐྱེལ་འདྲེན་ཀྱི་བབ་བསྟུན་ནུས་པ་ཆེ་རུ་བཏང་བ།
         ད་ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་དམངས་སྤྱོད་མཁའ་འགྲུལ་ལའང་འགྲུལ་པ་ཧ་ཅང་མང་པོ་ཡོད་ཅིང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་6500ཟིན་རྒྱུ་ཡིན་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཧ་ལམ་10%འཕར་རྒྱུ་རེད། དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་འགྲུལ་པ་འགྲོ་འོང་བྱེད་མཁན་འཕར་སྣོན་ཆེན་པོ་བྱུང་སྲིད་པ་དང་། གནམ་གཤིས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བས། མཁའ་འགྲུལ་ཀུང་སིས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་གཏན་གནམ་གྲུ་འཕུར་སྐྱོད་ཀྱི་འཆར་གཞི་སྒྲིག་འགོད་དང་། དུས་གཏན་གནམ་གྲུ་འཕུར་སྐྱོད་ལན་གྲངས་ལེགས་འགྱུར་བྱས་ཏེ་དུས་གཏན་གནམ་གྲུ་འཕུར་སྐྱོད་ལན་གྲངས་སྣོན་པ་དང་སྐྱེལ་འདྲེན་ནུས་ཤུགས་གྲབས་ཉར་བྱེད་དོན་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།
         འགྲིམ་འགྲུལ་པུའུ། དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་མྱུར་བགྲོད་གཞུང་ལམ་དུ་མུ་མཐུད་ནས་རིན་པ་མི་ལེན་རྒྱུ།
         འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཞའོ་མིང་གིས་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྐབས་སུ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཆུང་གྲས་ལ་མུ་མཐུད་ནས་རིན་པ་མི་ལེན་པར་སྐྱོད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མ་ཟད། རིན་སྡུད་ས་ཚིགས་ཀྱི་ETCམ་ལག་གི་རྒྱལ་ཡོངས་དྲ་སྦྲེལ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ལས་ཆོད་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
         སྤྱི་བདེ་པུའུ། དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་ཁྲིམས་འགལ་ཉེས་གསོག་བྱས་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས།
         སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཝེ་ཡིས“ས་གནས་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་གྱི་སྐབས་སུ་ཁྲིམས་འགལ་ཉེས་གསོག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས‘བཙན་འཕྲོག་གཉིས་དང་རྐུ་འཕྲོག་གཅིག’དང་། གློག་འཕྲིན་ཐོག་ནས་མགོ་སྐོར་གཡོ་ལེན། པ་སེ་ལོག་ཚོང་། འཁོར་ཇག་ལམ་གཤེད་སོགས་མང་ཚོགས་ཀྱི་འཁྲིས་སུ་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་དང་འགྲུལ་སྐྱེལ་འཁོར་རིགས་ཐོག་ཏུ་བྱུང་བའི་ཁྲིམས་འགལ་ཉེས་གསོག་བྱ་ངན་ལ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རྡུང་རྡེག་གཏོང་དགོས་པ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་སྐབས་སུ་མི་རིགས་ཕྱོགས་སྐྱོད་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་ལ་རྡུང་རྡེག་ཚ་ནན་བཏང་ནས་མང་ཚོགས་ཕྱོགས་སྐྱོད་བདེ་འཇགས་ཡོང་བའི་ཉམས་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།