འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་གྲོལ་ལམ་ཡིག་དཀྱུས་མར་རྒྱལ་ཁབ་དང་ས་ཁུལ་65ཡི་ཆོག་མཆན་ཞུ་མི་
    དགོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་10ཉིན། ཕྱི་འབྲེལ་པུའུ་ཡི་གཞུང་ཚབ་དོན་གཅོད་ཁང་གི་འགོ་འཛིན་ཀུའོ་ཧྲའོ་ཁྲུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། 2017ལོར། ཀྲུང་གོའི་ནང་སའི་སྡོད་དམངས་ཕྱི་རྒྱལ་དུ་སྐྱོད་ཐེངས་ཐོག་མར་སྔོན་དཔག་བྱས་ན་མི་ཐེངས་གྲངས་ཁྲི་6000ལས་བརྒལ་རྒྱུ་དང་། རྒྱལ་ཁོངས་ཕྱི་རོལ་དུ་ཁེ་ལས་ཁྲི་3ལས་བརྒལ་རྒྱུ། ཕྱི་རྒྱལ་དུ་ངལ་རྩོལ་བ་ཁྲི་100ཙམ་ཟིན་རྒྱུ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཧ་ལམ་མི་ཁྲི་137ཟིན་རྒྱུ་བཅས་ཡིན་པ་རེད། 
         ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འགན་སྲུང་ཐུབ་ཡོད་ཅིང་། གྱོད་དོན་ཁྲི་7ལྷག་ཙམ་ཐག་གཅོད་འཚམ་པོར་བྱས་པ་རེད། 
         ཀུའོ་ཧྲའོ་ཁྲུན་གྱིས་ཉིན་དེར་སྤེལ་བའི་ལོ་འཁོར་གྱི་གཞུང་ཚབ་ལས་དོན་སྨྱན་སྦྱོར་ཚོགས་འདུའི་ཐོག་ཏུ། 2017ལོར་ཕྱི་འབྲེལ་པུའུ་ཡིས་ཕྱིར་སྡོད་གཞུང་ཚབ་ཁང་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། གཞུང་ཚབ་དོན་གཅོད་ཁང་སྲུང་སྐྱོབ་དང་གྱོད་དོན་ཁྲི་7ཙམ་རྩད་ཞིབ་ཐག་གཅོད་བྱས་པ་དང་། དེའི་ཁྲོད་དུ་ཏུའོ་སྨི་ཉི་ཁེ་རྒྱ་མཚོའི་རླུང་འཚུབ་དྲག་པོའི་གནོད་འཚེ་དང་། བལ་ཡུལ་གྱི་ཆུ་ལོག་གནོད་སྐྱོན། ཧུན་རྡུ་ཉི་ཞི་ཡའི་པ་ལི་ཕྱེད་གླིང་གི་མེ་རི་འཕྱུར་བ་སོགས་པའི་གནོད་སྐྱོན་བྱུང་བའི་ས་གནས་དེ་དག་གི་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་ནམ་དུས་རྒྱལ་ནང་དུ་ལོག་པ་སོགས་ཀྱི་གྱོད་གཞི་ཚབས་ཆེན་ཐད་རོགས་རམ་བྱས་ཏེ། ཕྱི་སྡོད་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཕན་འབྲས་ཐོན་པར་བྱས་ཡོད་པ་རེད། 
         རྒྱལ་གྲོལ་ལམ་ཡིག་གི་"རིན་ཐང་ལྡན་ཚད་"ཇེ་ཆེར་བཏང་བ་དང་། ལམ་ཡིག་ལ་ཆོག་མཆན་འགོད་མི་དགོས་པའི་ས་ཆ་65ཟིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ། ཀྲུང་གོའི་སྤྱི་དམངས་ཀྱིས་ལམ་ཡིག་ལ་ཆོག་མཆན་འགོད་མི་དགོས་པར་བསྐྱོད་ཆོག་པའི་རྒྱལ་ཁབ་དང་ས་ཁུལ་65ཡོད་པ་རེད། དེའི་ཁྲོད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཙམ་མ་ཟད། ཀྲུང་གོས་པོ་ཧེ་སྤྱི་མཐུན་རྒྱལ་ཁབ་(Bosnia and Herzegovina)དང་ཆོག་མཆན་འགོད་མི་དགོས་པར་ལམ་ཡིག་སྤྲོད་རྒྱུར་མིང་རྟགས་བཀོད་ཅིང་། གོ་ཆོད་པའི་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་བཞིན་ཡོད་པས། སྐབས་དེར། ཀྲུང་གོ་དང་ཕན་ཚུན་ཆོག་མཆན་ཞུ་མི་དགོས་པར་ལམ་ཡིག་སྤྲད་པའི་རྒྱལ་ཁབ་12ཟིན་རྒྱུ་རེད། 
         གཞན་ཡང་། རྒྱལ་ཁབ་དང་ས་ཁུལ་40ཙམ་གྱིས་ཕྱོགས་གཅིག་པུ་ནས་ལམ་ཡིག་དཀྱུས་མ་འཁྱེར་བའི་ཀྲུང་གོའི་སྤྱི་དམངས་ལ་རང་སར་ལམ་ཡིག་སྤྲོད་རྒྱུའི་ཐོབ་ཐང་སྤྲད་པ་རེད། རྒྱལ་ཁབ་དང་ས་ཁུལ་16ཕྱོགས་གཅིག་པུ་ནས་ལམ་ཡིག་དཀྱུས་མ་འཁྱེར་བའི་ཀྲུང་གོའི་སྦྱི་དམངས་ལ་རང་ངོས་རྒྱལ་ཁོངས་སུ་ཡོང་ཆོག་པར་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།