འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོང་སའི་ཐང་རྒོད་རྒྱ་ཁྱོན་ལོ་10ཙམ་ལ་མུའུ་ཁྲི་42ཆུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱས་པར། སྣོད་བཅུད་སྲུང་སྐྱོང་དང་བསྐྱར་སྐྲུན་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དང་སྦྲགས། ཚྭ་འདམ་གཤོང་སའི་ཐང་རྒོད་བཅོས་སྒྲིག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཐང་རྒོད་རྒྱ་ཁྱོན་2009ལོ་དང་བསྡུར་ན་མུའུ་ཁྲི་42.3ཆུང་དུ་ཕྱིན་ཡོད་པ་རེད།
         མཚོ་བོད་ས་མཐོའི་དབུས་སུ་གནས་པའི་ཚྭ་འདམ་གཤོང་ས་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གཤོང་ས་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་24ཙམ་ཡོད་པ་གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་ཁྱབ་ཡོད། གཤོང་སའི་གནམ་གཤིས་སྐམ་ཤས་ཆེ་བ་དང་། གྲང་ངད་ཆེ་བ། རླུང་བུ་ལྡང་མང་བ་དང་། ཐང་རྒོད་སྤྱིའི་རྒྱ་ཁྱོན་མུའུ་དུང་ཕྱུར་1.42ཟིན་པ་དེ་ནི་རང་རྒྱལ་གྱི་བྱེ་འགྱུར་ས་ཆ་ཁྱབ་པའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་ཞིག་རེད།
         མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནགས་བཟོ་སྔོ་འགྱུར་དོ་དམ་ཁྲུའི་འགན་ཁུར་བས་ངོ་སྤྲོད་བྱས་དོན། ཚྭ་འདམ་གཤོང་སར་མཚོ་ཕུད་ལྷགས་ཟད་བྱེ་འབུར་དང་མྱ་ངམ་ཐང་མང་པོ་ཡོད་པའི་དབང་གིས་དེ་གར་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་རྒྱ་ཁྱོན་ཆེ་ཤོས་དང་། བཅོས་སྒྲིག་བྱེད་དཀའ་ཤོས། སྲུང་སྐྱོང་ལས་འགན་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད།
         ས་ཆ་ཐང་རྒོད་དུ་གྱུར་པའི་སྣོད་བཅུད་ཀྱི་ཉེན་ཁ་སེལ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི“བྱང་གསུམ”འགོག་སྲུང་ནགས་ཚལ་དང་། རྨོ་བསྐྱུར་ནགས་གསོ(རྩྭ་ཐང) བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་དང་ནགས་ཚལ་སྲུང་སྐྱོང་གི་ཕན་འབྲས་ཁ་གསབ་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས་ས་བབ་མཐོ་བའི་ཐང་རྒོད་ས་ཁུལ་གྱི་སྣོད་བཅུད་བཅོས་སྒྲིག་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།
          མིག་སྔའི་བར་ཚྭ་འདམ་གཤོང་སར་ནགས་བཟོ་རྩྭ་འདེབས་དང་བྱེ་འགོག་ནགས་བཟོ་མུའུ་ཁྲི་267ལེགས་གྲུབ་ཟིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་རྒྱ་ཁྱོན་མུའུ་ཁྲི་2153.49ཟིན་པ་མ་ཟད། ད་དུང་ཚྭ་འདམ་གྱི་གདངས་ཤིང་ནགས་ཚལ་དང་། ཁེ་ལུའུ་ཁེ་མཚོ་དང་ཐུའོ་སུ་མཚོ། གོར་མོའི་སྦྱར་སྐྱའི་ནགས་ཚལ་སོགས་རང་བྱུང་སྲུང་སྐྱོང་ཁུལ་དང་ཝུའུ་ལམ་རྫོང་ཧ་ལ་ཧ་ཐུའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་བསྐྲུན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།