འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཐག་རིང་ལུང་ཁུག་གི་བོད་སྡེར"རིག་གནས"ཀྱི་སྟོན་མོ་ཞིག་བཤམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་གནམ་ལོ་གསར་ཚེས་བཏང་མ་ཐག་ལི་ཐང་རྫོང་ནས་བར་ཐག་སྤྱི་ལེ་90ལྷག་གིས་ཆོད་པའི་ཐག་རིང་ལུང་ཁུག་ཇ་བ་ཤང་གི་བོད་རིགས་ཞིང་འབྲོག་པ་600ལྷག་ལ་སྒོ་རྩ་ནས་རྫོང་ལྷ་བྱ་ཁྲུང་ཁྲུང་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད།
         འཁྲབ་སྟོན་རིང་། ལྷ་བྱ་ཁྲུང་ཁྲུང་སྒྱུ་རྩལ་ཚོགས་པས་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་དེབ་500ལྷག་སྤྲད་པར་ཞིང་འབྲོག་པའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེའི་རིང་། ད་དུང་ལི་ཐང་རྫོང་ལྷ་བྱ་ཁྲུང་ཁྲུང་སྒྱུ་རྩལ་ཚོགས་པས“རིག་རྩལ་ཤང་དང་གྲོང་ཚོར་སྤེལ་བའི”བྱེད་སྒོ་ཤང་དང་གྲོང་རྡལ་ལ་སྒྲིག་འཛུགས་ཐེངས་མང་བྱས་པས་རིག་གནས་ལས་ཞིང་འབྲོག་པ་སྔར་ལས་མང་བར་ཕན་ཐོགས་བྱུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།