འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་གཡོད་དུ་ཧྲང་ཧའེ་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། "སྤྲོ་སྣང་ལྡན་པའི་དཔྱིད་གསར·ཧྲང་ཧའེ་རིག་གནས་གཟའ་འཁོར"གྱི་བྱེད་སྒོ་རབ་དང་རིམ་པ་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         བྱེད་སྒོ་དེ་ཚེས་9ནས་12ཉིན་བར་སྤེལ་རྒྱུ་དང་། དེའི་ནང་ཧྲང་ཧའེ་ཡི་གློག་བརྙན་གཟའ་འཁོར་དང་། ཧྲང་ཧའེ་ཡི་བརྙན་འཕྲིན་འཁྲབ་ཚན་སྟོན་པའི་གཟའ་འཁོར། “ཧྲང་ཧའེ་ཡི་བག་ཆགས”མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། "ཡིད་དབང་འཕྲོག་པའི་ཧྲང་ཧའེ"ཡི་པར་རིས་འགྲེམས་སྟོན། རོལ་དབྱངས་ཟློས་གར་《བཙན་བདག་》དང་དེ་བཞིན་ཧྲང་ཧའེ་ཡི་སློབ་གྲྭ་ཆེ་མོ་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕྱི་རྒྱལ་དུ་འགྲེམས་འཁྲབ་བྱེད་པའི་བྱེད་སྒོ་བཅས་ཚུད་ཡོད།
         ཧྲང་ཧའེ་རིག་གནས་གཟའ་འཁོར་གཉེར་བའི་དུས་ཚོད་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་ཏག་ཏག་འཁེལ་ཡོད། གོང་ཚེས་ཉིན་ཉིའུ་གཡོད་སྐབས་དོན་ཚགས་པར་གྱི་ཐང་ཆེན་བརྙན་ཤེལ་ཐོག་བསྟན་པའི་བྱེད་སྒོའི་དྲིལ་བསྒྲགས་བརྙན་ཐུང་གིས་ཉིའུ་གཡོད་དུ“ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཟབ་མོ”འཕྱུར་བར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།