འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གོ་ལའི་ཕྱེད་བྱང་མའི་དུས་ཚིགས་ཀྱི་ཆམ་རིམས་ཛ་དྲག་ཏུ་འགྲོ་ཉེན་ཆེ།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་བཤད་དོན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་ས་གོ་ལའི་ཕྱེད་བྱང་མའི་དྲོད་ཁུལ་རྒྱལ་ཁབ་མང་ཆེ་བ་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ཕོག་མང་བའི་དུས་ཚིགས་སུ་སླེབས་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི"གོ་ལ་ཧྲིལ་པོའི་ཆམ་རིམས་འཆར་འགོད"ཀྱི་ཀྲུའུ་རེན་ཀྲང་ཝུན་ཆིང་གིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་གི་བཅར་འདྲི་དང་ལེན་བྱེད་སྐབས་ཆམ་རིམས་ཀྱི་ནད་དུག་དང་རིམས་འགོག་སྨན་ཁབ་འོས་སྦྱོར་དབྱེ་ཞིབ་བྱས་པར་བརྟེན་ནས་ས་གོ་ལའི་ཕྱེད་བྱང་མར་ད་རེས་ཀྱི་དུས་ཚིགས་ཆམ་རིམས་ཛ་དྲག་ཏུ་འགྲོ་ཉེན་ཆེ་ཞེས་བཤད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས"གོ་ལ་ཧྲིལ་པོའི་ཆམ་རིམས་ལྟ་ཞིབ་ཚད་ལེན་དང་ཁ་གཏད་གཅོག་པའི་མ་ལག"བརྒྱུད་གོ་ལོ་ཧྲིལ་པོའི་ཆམ་རིམས་ཁྱབ་ཚུལ་ལྟ་ཞིབ་ཚད་ལེན་ཟབ་མོ་བྱེད་པའི་ནང་དུས་ཚིགས་རང་བཞིན་གྱི་ཆམ་རིམས་དང་། མི་ཕྱུགས་གཉིས་ཀར་ཕོག་པའི་ཆམ་རིམས། མཐོང་དཀོན་པའི་ཆམ་རིམས་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་ཚུད་ཡོད་པ་རེད།
         དམངས་ཚོགས་ཚོར་མཚོན་ན། ཀྲང་ཝུན་ཆིང་གིས་ལག་པ་གཙང་མ་འཁྲུ་བ་དང་འབྲེལ་ཡང་དག་པའི་བྱ་ཐབས་སྤྱད་ནས་ལག་པ་ཕྱིས་དགོས་པ་དང་། གློ་རྒྱག་པའམ་ཡང་ན་ཧབ་ཆི་བརྒྱབ་ཚེ་ཁ་དང་སྣ་འགེབས་དགོས་པ། བདེ་པོ་མེད་པ་དང་། ཚ་བ་རྒྱག་པ། དེ་མིན་གྱི་ཆམ་རིམས་ནད་རྟགས་མངོན་པ་ཤེས་ཚེ་དུས་ཐོག་ཏུ་གཞན་དང་ཁ་བྲལ་དགོས་པ། ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱེད་མི་རུང་བ་སོགས་ཀྱི་གྲོས་འགོ་བཏོན་པ་རེད། གཞན་ཡང་ཆམ་རིམས་འགོས་ནད་ཀྱི་འབྲེལ་ཡོད་ནད་རྟགས་དཔེར་ན། གློ་ཚད་དང་ཁྲག་དུག་ནད་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་པའམ་ནམ་ཡང་ན་རྒྱུན་མཐུད་ངང་ཐོན་ཚེ་ངེས་པར་དུ་སྨན་བཅོས་བློ་འདྲི་བྱས་ཏེ་སྔ་ཙམ་ནས་སྨན་བཅོས་དང་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།