འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་ཏཱ་ཝ་ཧྲན་རི་བོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དགུན་དུས་ཏཱ་ཝ་ཧྲན་རི་བོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས།
         མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3236ཡོད་པའི་ཏཱ་ཝ་ཧྲན་རི་བོ་ནི་སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཅིང་ཁོའུ་ཧོ་ཆུས་སུ་ཆགས་ཡོད་ཅིང་། ཉེ་ཆར། ཁ་བ་ཆེན་པོ་བབས་པས་ཏཱ་ཝ་ཧྲན་རི་བོར་ཧ་ཅང་བརྗིད་ཆགས་ཉམས་དགའི་མཛེས་རྒྱན་སྤྲས་ནས་སྨུག་སྤྲིན་ཁྲོད་ཀྱི་ཏཱ་ཝ་རི་བོ་སྔར་ལས་བརྗིད་ཆགས་མཛེས་སྡུག་ལྡན་པར་མངོན། ཏཱ་ཝ་ཧྲན་རི་བོའི་ཞོལ་གྱི་ཝུའུ་ཁྲི་གྲོང་ཚོ་ནི་ཏཱ་ཝ་ཧྲན་རི་བོའི་མཛེས་ལྗོངས་ལྟ་ས་ཡག་ཤོས་ཤིག་ཡིན་ཞིང་། སྐབས་འདིར་ཝུའུ་ཁྲི་གྲོང་ཚོ་ཡང་ཁ་བས་བཀླུབས་ནས་དངུལ་མདངས་རྣམ་པར་བཀྲ་བའི་ཁ་བའི་སྟོད་གཡོགས་གྱོན་པ་དང་འདྲ་ལ། ཁ་བའི་ཁྲོད་ཀྱི་ཡུལ་མིའི་སྡོད་ཁང་དང་ལམ་འགྲམ་གྱི་གསོམ་ཤིང་ལྷག་པར་མཚར་ཞིང་སྡུག་པར་མངོན། རིའི་སྟེང་དང་རི་ཞོལ་གྱི་ཁ་བའི་མཛེས་ལྗོངས་གཅིག་རམ་གཅིག་འདེགས་བྱས་ནས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གངས་འཁྱགས་ཀྱི་འཇིག་རྟེན་ཞིག་གྲུབ་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།དགུན་དུས་ཏཱ་ཝ་ཧྲན་རི་བོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས།
      

    ཕྱོགས་བསྡུས་གསར་འགྱུར།