འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་རེ་འདུན་ཆེན་པོར་གཞིགས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་2018ལོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད་ཅེས་བརྗོད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པས་ཚེས་གཅིག་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་ཕྱོགས་ཀྱིས་2018ལོར་ཀྲུང་གོར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་འཚོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པས་ཁྱེད་ཀྱིས་འབྲེལ་ཡོད་གནས་ཚུལ་སྔར་བས་ངོ་སྤྲོད་གནང་ན་འགྲིག་གམ་ཞེས་དྲིས།
         ཀེང་ཧྲོང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ད་ལྟ་འགན་འཁུར་མཁན་གྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཅིག་རེད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་ལྷན་དུ་གཙོ་སྐྱོང་གནང་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། 2018ལོའི་སྐབས་གསར་པའི་གླེང་སྟེགས་ཚོགས་འདུ་ཀྲུང་གོར་འཚོག་རྒྱུ་རེད། ལྷོ་ཨ་ཧྥེ་རི་ཁ་ཕྱོགས་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོས་2018ལོའི་གླེང་སྟེགས་ཚོགས་འདུ་དེ་དབུ་ཚོགས་ལ་རིམ་འཕར་ཡོང་བའི་རེ་བ་ཡོངས་ཁྱབ་ངང་བྱེད་ཀྱི་ཡོད། གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་རེ་འདུན་ཆེན་པོར་གཞིགས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་2018ལོར་ཀྲུང་གོར་གླེང་སྟེགས་དབུ་ཚོགས་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད་ཅེས་བརྗོད་ཡོད།
         “ལོ་བཅུ་བདུན་རིང་གི་འཕེལ་རྒྱས་བརྒྱུད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་སྡེབ་གླེང་མོལ་བྱེད་པའི་སྟེགས་བུ་གལ་ཆེན་དང་དངོས་སྒྲུབ་མཉམ་ལས་ཀྱི་ལམ་སྲོལ་ནུས་ལྡན་ཞིག་ཏུ་གྱུར་པ་མ་ཟད། རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་སྣེ་ཁྲིད་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད” ཀེང་ཧྲེང་གིས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་བཏོད་ཡོད། མིག་སྔར་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་གོང་འཕེལ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་གནས་ཚུལ་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣ་སླར་ཡང་རྒྱལ་ས་པེ་ཅིང་དུ་ལྷན་འཛོམས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་ཇུས་ཆེན་ཐད་ཐུན་མོང་ཐོག་གྲོས་བསྡུར་དང་། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་བཀོད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བྱ་ཐབས་གལ་ཆེན་བཏོན་པ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་མ་བཏང་བ་བཅས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་འགྲོ་རྒྱུ་དང་ཆུ་ཚད་དེ་བས་མཐོ་བའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ལ་ལྷོ་ལྷོ་མཉམ་ལས་དང་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་གོང་འཕེལ་ལ་སྐུལ་མ་གཏོང་རྒྱུའི་ཐད་ལའང་ཕན་པ་ཡོད་པས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་དྲང་ནུས་བསྣན་རྒྱུ་རེད་ཅེས་བརྗོད།
         ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས། གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མི་དང་མཉམ་དུ་གླེང་སྟེགས་དབུ་ཚོགས་ཀྱི་གྲ་སྒྲིག་ལས་དོན་མཉམ་དུ་ཡག་པོ་སྒྲུབ་འདོད་ཡོད། “ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་འདི་ལོའི་གླེང་སྟེགས་དབུ་ཚོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་ངེས་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།