འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་9ཉིན་ཧན་གོ་དང་ཁྲའོ་ཞན་གྱི་རིམ་མཐོའི་གྲོས་མོལ་བྱ་
    རྒྱུའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན། ཧན་གོའི་གཅིག་གྱུར་པུའུ་ཡི་དཔོན་རིགས་ཀྲའོ་མིང་ཅུན་གྱིས་ཚེས་2ཉིན་ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ལ་ཚེས་9ཉིན་པན་མན་ཏན་དུ་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད་ཅེས་བཤད།
         ཀྲའོ་མིང་ཅུན་གྱིས་གོང་ཚེས་ཉིན་ཧྲོའར་ཀྲུང་དབྱང་སྲིད་གཞུང་གཞུང་དོན་ཐོག་བརྩེགས་ཁང་དུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ད་དུང་ཟླ་གཅིག་ཙམ་སོང་རྗེས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་གྲབས་ཡོད་པར་བསམ་གཞིག་བྱས་ནས་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་འཐུས་མི་ཚོགས་པ་འགྲན་བསྡུར་ལ་ཞུགས་པ་སོགས་འབྲེལ་ཡོད་གནད་དོན་གྲོས་བསྡུར་བྱ་ཆེད་གོང་གསལ་གྱི་གྲོས་འགོ་བཏོན་ཡོད་ཅེས་བཤད།
         ཀྲའོ་མིང་ཅུན་གྱིས་ཧན་གོ་དང་ཁྲའོ་ཞན་གྱིས་ཁྲའོ་ཞན་གྱི་འཐུས་མི་ཚོགས་པ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་དང་ལྷོ་བྱང་འབྲེལ་བ་ཡག་ཏུ་གཏོང་བ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་ལྷག་བསམ་ཟོལ་མེད་ངང་གྲོས་བསྡུར་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
         གོང་ཚེས་ཉིན་གྱི་སྔ་དྲོ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཁྲའོ་ཞན་གྱིས་འཐུས་མི་ཚོགས་པ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གཏོང་འདོད་ཡོད་པ་དང་ཧན་གོ་དང་ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱི་གྲོས་མོལ་ལ་ཞུགས་འདོད་ཡོད་པའི་འདོད་ཚུལ་ལ་ཧན་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ཧན་གོ་གཅིག་གྱུར་པུའུ་དང་རིག་གནས་ལུས་རྩལ་པུའུ་ཡིས་རྗེས་མཐུད་ཀྱི་ཇུས་གཞི་གང་མགྱོགས་བཟོས་ནས་ལྷོ་བྱང་གྲོས་མོལ་གང་མགྱོགས་སླར་གསོ་ཐུབ་པ་དང་ཁྲའོ་ཞན་འཐུས་མི་ཚོགས་པ་འགྲན་བསྡུར་ལ་ཞུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད།
         ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཚེས་1ཉིན་ལོ་གསར་གྱི་ཤིས་ཚིག་རྗོད་སྐབས། ཁྲའོ་ཞན་གྱིས་འཐུས་མི་ཚོགས་པ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མངགས་གཏོང་བྱེད་འདོད་ཡོད་པ་དང་བྱང་ལྷོའི་དབང་འཛིན་ལས་ཁུངས་ཀྱིས་དེའི་ཐད་ཛ་དྲག་གི་གྲོས་མོལ་བྱེད་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།