འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཀུང་སི་ཞིག་གིས་ཕོ་ལན་གྱི་གྲོང་རྡལ་ཆུང་ངུར་ལས་ཞུགས་ཀྱི་གོ་སྐབས་བྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་ཀུང་སི་ཞིག་གིས་ཕོ་ལན་གྱི་གྲོང་རྡལ་ཆུང་ངུར་ལས་ཞུགས་ཀྱི་གོ་སྐབས་བྱིན་པ།
         མི་དམངས་དྲ་བའི་འཕྲིན། 2012ལོར་ཀྲུང་གོའི་འཕྲུལ་ཆས་སྒྲིག་ཆས་བཟོ་སྐྲུན་ཚོང་ཚོགས་ཀོང་ཤིས་ལིའུ་ཀུང་ཀུང་སིས་ཕོ་ལན་གྱི་HSWཀུང་སིའི་ལས་གྲྭའི་འཕྲུལ་ཆས་ལས་སྒོའི་ཚན་པ་ཉོས་པས་ཕོ་ལན་གྱི་ཀུང་སི་དེའི་ལོ་བསྟུད་མར་གྱོང་གུན་ཕོག་ནས་མ་རྩ་རྡིབ་ལ་ཉེ་བའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བ་རེད། ཉོ་སྒྲུབ་བྱས་རྗེས་བཙུགས་པའི་ལིའུ་ཀུང་རུའེ་སི་ཐ་ཀུང་སི་ཕོ་ལན་གྱི་ཤར་ལྷོའི་རྒྱུད་ཀྱི་མི་ཁྲི་6.5ལས་མེད་པའི་གྲོང་རྡལ་ཆུང་ངུ་སི་ཐ་ལོ་ཝ་ཨའོ་ལར་ཡོད་པ་དང་། ཀུང་སི་དེས་ས་གནས་དེར་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་པ་དང་འབྲེལ་2014ལོའི་ལོ་འཁོར་གྱི་ཕོ་ལན་རྒྱལ་ཡོངས་ཀྱི་གླ་བདག་གི་བྱ་དགའ་ཡག་ཤོས་ཐོབ་མྱོང་ཡོད་ཅིང་། གོང་གི་པར་རིས་ནི་ཕོ་ལན་གྱི་སི་ཐ་ལོ་ཝ་ཨའོ་ལ་རུ་ཡོད་པའི་ལིའུ་ཀུང་རུའེ་སི་ཐ་ཀུང་སིར་ཕོ་ལན་གྱི་བཟོ་པས་བཟོ་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།