འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཚོགས་པ་མངགས་གཏོང་བྱེད་འདོད་ཡོད་པ།

    ཧན་གོས་དགའ་བསུ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེན་ཨེན་གྱིས་ལོ་གསར་གྱི་ཤིས་ཚིག་བརྗོད་སྐབས་ཁྲའོ་ཞན་གྱིས་འཐུས་མི་ཚོགས་པ་མངགས་གཏོང་བྱས་ནས་འཚོག་ཉེར་ཡོད་པའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་འདོད་ཡོད་ལུགས་བརྗོད་པ་ལས་ལྷོ་བྱང་དབང་འཛིན་ལས་ཁུངས་ཀྱིས་དེའི་ཐད་ཛ་དྲག་གྲོས་མོལ་བྱེད་བཟོ་ཡོད་པ་མངོན་གྱི་ཡོད།
         ཅིན་ཀྲེན་ཨེན་གྱིས་ཁྲའོ་ཞན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྒྱུད་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་འདི་ལོ་ཁྲའོ་ཞན་གྱིས་རྒྱལ་ཁབ་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་རྒྱུ་དང་ཧན་གོས་ཀྱང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཡིན་པས་འདི་ལོ་ནི་ལྷོ་བྱང་ཕྱོགས་གཉིས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ལོ་གཅིག་རེད་ཅེས་བཤད།
         ཅིན་ཀྲེན་ཨེན་གྱིས་ཁྲའོ་ཞན་གྱིས་འཐུས་མི་ཚོགས་པ་ཚུད་པའི་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་པར་བརྟེན་ནས་ལྷོ་བྱང་དབང་འཛིན་ལས་ཁུངས་དབར་དེའི་ཐད་ཛ་དྲག་གི་གྲོས་མོལ་བྱེད་བཟོ་ཅེས་བཤད།
         ཟླ་1ཚེས་1ཉིན་ཧན་གོའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐེ་ཡིས་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེན་ཨེན་གྱིས་སྤེལ་བའི་ལོ་གསར་ཤིས་ཚིག་ནང་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་བའི་དགོས་ངེས་རང་བཞིན་དང་ཚོགས་པ་མངགས་གཏོང་བྱས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་འདོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
         ཆིང་ཝ་ཐེ་ཡི་མགྲིན་ཚབ་པ་ཕེའོ་ཀྲུའུ་ཤན་གྱིས་དེ་ཉིན་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁྲའོ་ཞན་གྱིས་འགན་འཁུར་བའི་རྣམ་འགྱུར་ལས་ཕྱེད་གླིང་གི་དུས་བབ་ཛ་དྲག་ཞི་ལྷོད་དུ་གཏོང་རྒྱུ་དང་ཕྱེད་གླིང་གི་ཞི་བའི་བྱེད་ཐབས་འཚོལ་རྒྱུའི་རེ་བ་ཡོད། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞི་བའི་ཨོ་རྩལ་འགྲན་ཚོགས་སུ་གཉེར་ཐུབ་ཚེ་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤེ་ཡ་བྱང་ཤར་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་ཞི་བའི་མཐུན་འགྲིག་ལ་ལེགས་སྐྱེས་འབུལ་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།