འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོའི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཀྲུང་གོ་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་སྣེ་ཁྲིད་
    པར་འགྱུར་བཞིན་ཡོད་པར་བསྔགས་བརྗོད་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་ནས་ཚན་ཞིབ་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ནས་ཕྱི་རྒྱལ་གྱི་གླེང་ཕྱོགས་ཀྱི་དོ་ཁུར་ཐོབ་ཡོད། ཨ་རི་དང་། དབྱིན་ཇི། རི་པིན། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཉེ་ཆར་རྩོམ་ཡིག་དང་དཔྱད་གཏམ་སྤེལ་ནས་གསར་གཏོད་ཀྱི་ཁྱབ་ཁོངས་མང་པོའི་ཐད་ཀྲུང་གོ་ནུབ་ཕྱོགས་ལས་ཚད་བརྒལ་བྱུང་ནས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་སྣེ་ཁྲིད་པ་དང་རོལ་རྩེད་ཀྱི་སྒྲིག་སྲོལ་བཟོ་མཁན་ཞིག་ཏུ་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
          ཨ་རིའི་《ཕུའུ་པུ་སི་》དུས་དེབ་ཀྱི་དྲ་ཚུགས་ཐོག ཉེ་ཆར་རྩོམ་ཡིག་སྤེལ་ནས་ལོ་བཅུ་ཕྲག་ཁ་ཤས་གོང་རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་ངོས་ནས་བརྗོད་ཚེ་ཀྲུང་གོའི་ཁེ་ལས་ཀྱིས་ནུབ་ཕྱོགས་ཀྱི་ཐོན་རྫས་འདྲ་བཟོ་བྱེད་སྲིད་པའི་རང་བཞིན་དེ་ཁོང་ཚོའི་རང་ལྡན་གསར་གཏོད་ཀྱི་འདུ་ཤེས་འཕེལ་སྲིད་པ་ལས་ཆེ་བ་ཡོད། འོན་ཀྱང་། ལོ་མང་རིང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཤུགས་ཆེན་འཕར་བ་དང་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་པས་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། ཀྲུང་གོ་འདི་ཉིད་འདྲ་བཟོ་བྱེད་མཁན་ནས་གསར་གཏོད་བྱེད་མཁན་ལ་གྱུར་ཏེ་དངུལ་རྩ་དང་། སྐྱེ་དངོས། རིག་ལྡན་འཕྲུལ་མིའི་ལག་རྩལ་བཅས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་རབས་གསར་པར་སླེབས་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་ཚན་རྩལ་སྣེ་ཁྲིད་ཀྱི་ལས་འགན་འཁུར་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
         དབྱིན་ཇིའི་《དངུལ་རྩའི་སྐབས་བསྟུན་ཚགས་པར་》གྱི་རྒྱ་ཡིག་དྲ་བའི་ཐོག་རྩོམ་ཡིག་སྤེལ་ནས་ཀྲུང་གོས་ཚན་རྩལ“ཆ་འདྲའི་རྒྱལ་ཁབ”ཀྱི་མིང་མེད་པ་བཟོ་བཞིན་ཡོད་པ་དང་། ཀུང་སི་མང་པོ་ཞིག་ཞབས་ཞུ་དང་ཚོང་ལས་བྱ་ཐབས་གསར་པའི་ཐོག་སྔོན་ཐོན་གྲས་སུ་སླེབས་ཡོད། དཔེར་ན། ཀྲུང་གོས་རྐང་འཁོར་མཉམ་སྤྱོད་དང་། རྩ་གཉིས་ཨང་རྟགས་བེད་སྤྱོད། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དང་སིལ་ཚོང་ལས་རིགས་གསར་པ་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གྱི་སྲོལ་མང་པོ་བཏོད་ཡོད་ཅེས་བརྗོད་ཡོད་པ་རེད།
          རི་པིན་གྱི་《དངུལ་རྩ་ནོར་སྲིད་ཚོང་དོན་》གྱི་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས་ཚན་རྩལ་ཁྱབ་ཁོངས་འགའ་ཞིག་ནང་ཀྲུང་གོ་རི་པིན་ལས་བརྒལ་ཡོད། 2016ལོའི་གོ་ལ་ཧྲིལ་པོའི་རྩིས་རྒྱག་མྱུར་ཚད་མགྱོགས་ཤོས་ཀྱི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་500ཡི་ནང་ཀྲུང་གོས་རྩིས་རྒྱག་འཕྲུལ་འཁོར་167བཟུང་ནས་བང་རིམ་ཨང་དང་པོར་སླེབས་པ་དང་། ཨ་རི་རྩིས་རྒྱག་འཕྲུལ་འཁོར་165ཡི་ཐོག་ནས་བང་རིམ་ཨང་གཉིས་པར་སླེབས་པ། རི་པིན་བང་རིམ་ཨང་གསུམ་པ་ལས་སླེབས་མེད་ཅེས་བརྗོད་ཡོད་པ་རེད།
         དེང་གི་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་ཚུགས་ཐོག་རྩོམ་ཡིག་སྤེལ་ནས་རྒྱལ་དམངས་དཔལ་འབྱོར་ཁྲོད་རྩོལ་བྱུང་རིག་ནུས་གཏིང་ཟབ་སྤྱད་ཚེ་གོ་ལ་ཧྲིལ་པོའི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཆེ་རུ་འགྲོ་བ་དང་ཆབས་ཅིག་འཛད་སྤྱོད་ལ་ཡར་སྐུལ་ཐུབ་རྒྱུ་རེད། ཀྲུང་གོ་འདི་ཉིད་ལག་རྩལ་དེའི་ཕན་པ་ཆེ་ཤོས་ཐོབ་མཁན་དུ་འགྱུར་སྲིད་ཅེས་བརྗོད་ཡོད་པ་རེད།
         དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་ནས་དམག་སྤྱོད་ཀྱི་མི་མེད་གནམ་གྲུའི་ཁྱབ་ཁོངས་སུ་ཀྲུང་གོ་སྔོན་མ་ལས་རྗེས་མ་ལྷག་པར་གྱུར་ནས་ཐོན་རྗེས་མའི་མི་མེད་གནམ་གྲུ“གནམ་གྲུ་ཚོ་པའི”དུས་རབས་སུ་སླེབས་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
          མི་རིང་བའི་གོང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཀྱི་རྒྱལ་ཁབ་མང་པོ་ནས་ཡོང་བའི་གཞོན་ནུས་ད་དུང་ཀྲུང་གོའི“གསར་གཏོད་གསར་པ་ཆེན་པོ་བཞི”བདམས་ཡོད་པ་སྟེ། དེ་དག་ནི་མྱུར་བགྲོད་ལྕགས་ལམ་དང་། གཏོང་སྤྲོད་འབོ། མཉམ་སྤྱོད་རྐང་འཁོར། དྲ་ཐོག་ཉོ་སྒྲུབ་བཅས་རེད། མི་དེ་བས་མང་བ་ཞིག་གིས་ཀྲུང་གོའི་དྲ་སྦྲེལ་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཚན་རྩལ་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་ནུས་པར་དོ་སྣང་བྱེད་འགོ་ཚུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།