འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་པའི་ཆེད་དུ་མེ་འཁོར་སྤ་སེ་མྱུར་བར་ཐོབ་ཐབས་ཆེན་པོ་ལྔ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་པའི་ཆེད་དུ་མེ་འཁོར་སྤ་སེ་མྱུར་བར་ཐོབ་ཐབས་ཆེན་པོ་ལྔ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་དཔྱིད་གསར་དུས་ཆེན་ལ་མེ་འཁོར་སྐྱེལ་འདྲེན་ནི་ཟླ་2ཚེས་1ཉིན་ནས་འགོ་བརྩམས་ཏེ། ཟླ་3ཚེས་12ཉིན་ལ་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།
         དྲ་སྦྲེལ་དང་ཁ་པར་ཐོག་ནས་སྤ་སེ་སྔོན་ཉོ་བྱེད་པའི་དུས་ཡུན་ནི་ཉིན་30ཡིན་པ་དང་། མེ་འཁོར་འབབ་ཚུགས་དང་ཚབ་འཚོང་ལྟེ་གནས། རང་འགུལ་ངང་སྤ་སེ་འཚོང་བའི་འཕྲུལ་ཆས་ནས་སྔོན་ཉོ་བྱེད་པའི་དུས་ཡུན་ནི་ཉིན་28ཡིན་པ་རེད། 
        དེ་རིང་ནི་དཔྱིད་གསར་དུས་ཆེན་གྱི་མེ་འཁོར་སྤ་སེ་ཉོ་བའི་ཉིན་(ཟླ་2ཚེས་1ཉིན་)དང་པོ་དེ་ཡིན་པ་རེད། 
        ཟླ་དང་པོའི་ཚེས་17ཉིན་ལ་ལོ་གསར་ཚེས་གཅིག་གི་(ཟླ་12ཚེས་15ཉིན་)ཕ་ཡུལ་དུ་ལོག་པའི་མེ་འཁོར་སྤ་སེ་ཉོ་ཆོག་པ་རེད།
        ཟླ་དང་པོའི་ཚེས་23ཉིན་ལོ་གསར་ཚེས་དྲུག་གི་(ཟླ་2ཚེས་21ཉིན་)ཕ་ཡུལ་དུ་ལོག་པའི་མེ་འཁོར་སྤ་སེ་ཉོ་ཆོག་པ་རེད།
         སྤ་སེ་མྱུར་དུ་ཐོབ་ཐུབ་པའི་དུས་ཚོད་༥
         ༡. ཆུ་ཚོད་8:00ནས་ཆུ་ཚོད་18:00བར་དུ་ཆུ་ཚོད་རེ་རེའི་སྒང་དང་ཆུ་ཚོད་ཕྱེད་ཀའི་ཐོག 
         མེ་འཁོར་12306དྲ་ཚིགས་དང་ཁ་པར་ཐོག་ནས་འབབ་ཚུགས་འདྲ་མིན་གྱི་དུས་ཚོད་འདྲ་མིན་ཐོག་ནས་འཚོང་རྒྱུ་སྟེ། ཆུ་ཚོད་8:00ནས་ཆུ་ཚོད་18:00བར་དུ། ཆུ་ཚོད་རེ་རེའི་སྒང་དང་ཆུ་ཚོད་ཕྱེད་ཀའི་ཐོག་ཏུ་སྤ་སེ་གསར་པ་ཉོ་ཐུབ།
         ༢. འཚོང་འགོ་བརྩམས་ནས་སྐར་མ་30ཡི་རྗེས་སུ།
         སྤ་སེ་ཐོབ་ནས་རིན་པ་སྤྲད་མེད་ན། སྐར་མ་30སོང་རྗེས་སྤ་སེ་དེ་བརྩིས་འགྲོ་མེད་པར་ཕྱིར་འཐེན་འགྲོ་བ་རེད།
         ༣. དགོང་མོའི་ཆུ་ཚོད་10:00ནས་ཆུ་ཚོད་11:00པར། 
         ཆོས་ཉིད་ལ་གཞིགས་ན། སྤྱི་བཏང་དགོང་མོའི་ཆུ་ཚོད་10:00ནས་11:00ཐོག་འགྲུལ་པ་ཚོས་སྤ་སེ་བསློག་ཚད་མང་ཤོས་ཡིན་པས། སྐབས་འདིར་སྐུ་ཉིད་ཀྱིས་མང་ཙམ་གཟིགས་ན་སྤ་སེ་ཉོ་ཐུབ་པའི་རེ་བ་ཆོ་ཤོས་ཡོད།
         ༤. མེ་འཁོར་མ་བཏང་གོང་གྱི་ཉིན་15
         མེ་འཁོར་མ་བཏང་གོང་གི་ཉིན་15ཡི་རིང་ལ་སྤ་སེ་བསློགས་ན་འགྲོ་ལུགས་རིན་པ་མི་དགོས་པས། དུས་ཚོད་འདི་ནི་སྤ་སེ་བསློགས་ཚད་མང་ཤོས་ཡིན་པ་དང། སྤ་སེ་ཐོབ་པའི་གོ་སྐབས་བཟང་ཤོས་ཀྱང་ཡིན་པ་རེད།
         ༥.མེ་འཁོར་མ་བཏང་གོང་གི་ཆུ་ཚོད་24
         སྤྱི་བཏང་གི་གནས་ཚུལ་འོག  མེ་འཁོར་འབབ་ཚུགས་ཀྱིས་མེ་འཁོར་སྤ་སེ་འགའ་ཞིག་མེ་འཁོར་མ་བཏང་གོང་གི་ཉིན་དང་པོའི་ཆུ་ཚོད་11:30ནས་ཆུ་ཚོད་13:00ཆུ་ཚོད་དང་། ཆུ་ཚོད་18:00ནས་ཆུ་ཚོད་19:00ཐོག་འཚོང་བ་རེད། 
         སྤ་སེ་མྱུར་བར་ཐོབ་ཐབས་ཆེན་པོ་༥
         ༡.འབབ་ཚུགས་བརྒལ་ནས་སྤ་སེ་ཉོ་སླ་བ།
         ༢.མེ་འཁོར་འཐོལ་པ་གཏོང་ངེས་པར་སྣང་འཇོག་དགོས་པ།
         སྐབས་འཕྲལ་མེ་འཁོར་སྤ་སེ་འཚོང་བར་སྔོན་འཚོང་དུས་ཡུན་གྱི་བཀག་རྒྱ་མེད་པ་དང་། མེ་འཁོར་བསྐྱོད་རྒྱུ་གཏན་ལ་འཁེལ་བ་དང་སྤྱི་བསྒྲགས་སྤེལ་ནས་དུས་ཚོད་སྤེལ་མ་ཐག་ཏུ་སྤ་སེ་འཚོང་བ་རེད། སྤྱི་བསྒྲགས་འདི་ཚོར་ཡིད་འཇོག་བྱས་ན་སྤ་སེ་ཐོབ་པའི་གོ་སྐབས་མང་པོ་ཞིག་ཡོད་པ་རེད། 
         ༣.ཚོད་ལྟ་བྱས་ནས་གྲོང་ཁྱེར་གཞན་པའི་སྤ་སེ་འཚོང་སའི་ཁ་པར་བཏང་ཆོག
         ཁ་པར་ག་ཚོད་བཏང་ཡང་ཚང་མ་བྲེལ་བ་འདུག་ན། ཚོད་ལྟའི་ཚུལ་དུ་གྲོང་ཁྱེར་གཞན་པའི་སྤ་སེ་འཚོང་སའི་ཁ་པར་(ས་གནས་དེ་གའི་ཁ་པར་ཨང་གྲངས་+95105105)ཐོག་ནས་སྤ་སེ་ས་ཆ་གཞན་པ་ནས་ཉོས་ཆོག་པ་དང་སྤ་སེ་ལེན་ཆོག་པ་རེད། ཉིན་དེའི་ཆུ་ཚོད་12:00སྔོན་ལ་ཉོ་ཆོག་པ་དང་། འཛིན་ཤོག་སང་ཉིན་ཆུ་ཚོད་12:00བར་དུ་ཉར་ཚགས་བྱས་ཆོག་པ་རེད།
          ༤. རང་འགུལ་གྱིས་གསར་བསྒྱུར་ནུས་པར་བརྟེན་ནས་སྡོད་གནས་བཟུང་ཆོག་པ།
          ༥.ས་མཚམས་མཐུད་ནས་མེ་འཁོར་སྤ་སེ་ཉོ་ཆོག་པ།
         འགྲུལ་པས"ས་མཚམས་བརྒྱུད་ནས་སྤ་སེ"ཉོ་བའི་བྱེད་ནུས་བདམས་ཆོག སྤ་སེ་འཚོང་བའི་མ་ལག་ཏུ་འགྲུལ་པར་ལམ་བར་དུ་མེ་འཁོར་ཐེངས་གཅིག་བརྗེ་ཆོག་པའི་མེ་འཁོར་གྱི་སྤ་སེ་ལྷག་མའི་གནས་ཚུལ་གཏོང་ངེས་པས། ཉོ་ན་ཐེངས་གཅིག་ལ་ལམ་ཀ་གཉིས་བརྒྱུད་པའི་རིན་པ་སྤྲོད་དགོས་པ་རེད། 
    ༄༅།།ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་པའི་ཆེད་དུ་མེ་འཁོར་སྤ་སེ་མྱུར་བར་ཐོབ་ཐབས་ཆེན་པོ་ལྔ།
      

    ཕྱོགས་བསྡུས་གསར་འགྱུར།