འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱི་གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་གྲོས་གཞི་བརྒྱུད་ནས་ཅེ་རུས་ས་ལེམ་ཚོད་འཛིན་
    བྱ་རྒྱུའི་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱི་སི་རལ་གྱི་གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་གྲོས་གཞི་བརྒྱུད་ནས་ཅེ་རུས་ས་ལེམ་ཚོད་འཛིན་
བྱ་རྒྱུའི་གྲོས་འཆམ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན། བཅའ་ཁྲིམས་དག་བཅོས་བྱེད་པའི་ཁྲིམས་ལུགས་ཀྱི་གྲོས་གཞི་བརྒྱུད་ནས། ཅེ་རུའེ་ས་ལེམ་ཚོད་འཛིན་དམ་ནན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་རེད།
         དག་བཅོས་བྱས་པའི་བཅའ་ཁྲིམས་ལ་གཞིགས་ན། དབྱི་སི་རལ་སྲིད་གཞུང་གིས་མ་འོངས་པར་ཅེ་རུས་ས་ལེམ་གྱི་ས་གནས་གནད་དོན་གྱི་འགྱུར་ལྡོག་གང་རུང་ལ། ངེས་པར་དུ་གྲོས་ཚོགས་ཁྲོད་ཀྱི་གྲོས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད། 
         འདས་ཟིན་པའི་གྲོས་ཚོགས་ཁྲོད་ཀྱི་གྲངས་ཀའི་ཕྱེད་ཀ་ཡན་ལས་བརྒལ་བའི་རྒྱབ་སྐྱོར་ཐོབ་དགོས་པའི་ཚད་གཞི་དེ་གྲོས་ཚོགས་ཡོངས་ཀྱི་གྲོས་མི་120ཐོག་གྲོས་མི་80ཡན་ཚད་གཞིར་མཐོ་རུ་བཏང་ཡོད་པ་རེད།  
         ཅེ་རུའེ་ས་ལེམ་གྱི་གནད་དོན་ནི་པ་ལེ་སི་ཐན་དང་དབྱི་སི་རལ་གཉིས་བར་གྱི་ཞི་བདེ་འཕེལ་རྒྱས་འགྲོ་བའི་འགལ་རྐྱེན་གཅིག་ཡིན་པ་རེད། དབྱི་སི་རལ་གྱིས་1967ལོར་ཅེ་རུའེ་ས་ལེམ་གྱི་ཤར་རྒྱུད་དུ་དམག་འཁྲུགས་ལངས་རྗེས་སུ། རང་ཉིད་ཕྱོགས་ནས་ཅེ་རུའེ་ས་ལེམ་ནི་བརྟན་དུ་ཁ་བྲལ་བཏང་མི་ཆོག་པའི་རྒྱལ་ས་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། པ་ལེ་སི་ཐན་གྱིས་ཅེ་རུའེ་ས་ལེམ་ཤར་རྒྱུད་དེ་རྒྱས་ས་བྱེད་པའི་པ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད། དབྱི་སི་རལ་གྱིས་ཅེ་རུའེ་ས་ལེམ་བདག་གིར་བཟུང་བ་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་ཁས་མ་བླངས་པ་དང་། དབྱི་སི་རལ་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་དག་གི་གཞུང་ཚབ་ཁང་ནི་ཐེ་ལ་ཝེ་ཧྥུ་རུ་བཙུགས་པ་ལས་ཅེ་རུའེ་ས་ལེམ་དུ་བཙུགས་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།