འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་དང་མེ་གླིང་སློབ་གྲོགས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་སི་ཁོ་སློབ་ཆེན་
    གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་
    མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་སི་ཁོ་སློབ་ཆེན་གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བློ་སྟོབས་ཆེར་བསྐྱེད་དང་དཀའ་སྤྱད་ངང་སློབ་སྦྱོང་བྱས་ཏེ་སྔ་ཙམ་ཤེས་ཡོན་ཅན་ཞིག་ཆགས་པའི་སྐུལ་མ་བཏང་བ་དང་འབྲེལ། ཕྱི་རྒྱལ་དུ་ཡོད་པའི་སློབ་གཉེར་བ་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད། གནས་ཚུལ་དེ་ཁྱབ་རྗེས། ཡོ་རོབ་དང་མེ་གླིང་སློབ་གྲོགས་ཚོགས་པས་2017ལོའི་ཟླ་12ཚེས་31ཉིན་པེ་ཅིང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་སི་ཁོ་སློབ་ཆེན་གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཕྱི་སྦྱོང་སློབ་གཉེར་བ་བརྒྱ་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཡོ་རོབ་དང་མེ་གླིང་སློབ་གྲོགས་ཚོགས་པའི(ཀྲུང་གོའི་ཕྱི་སྦྱོང་སློབ་གཉེར་བའི་མཐུན་འབྲེལ་ལྷན་ཚོགས)ཚོགས་གཙོ་ཁྲེན་ལན་ཐེ་ཡིས་ཡུལ་གཞན་ནས་འཕྲིན་ཡིག་སྤྲིངས་པ་དང་། ཁོང་གིས་རྒྱ་ཆེའི་ཕྱི་སྦྱོང་སློབ་གཉེར་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཕུགས་བསམ་དང་འདུ་ཤེས་བརྟན་དུ་གཏོང་བ་དང་། བློ་སྟོབས་དང་མིག་རྒྱང་རིང་བ། ཏན་ཏན་ཏིག་ཏིག་བཅས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་བསམ་མངོན་འགྱུར་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དཀའ་སྤྱད་འབད་བརྩོན་གྱིས་མི་ཚེའི་ལེའུ་གསར་པ་རྩོམས་དགོས་ཞེས་འབོད་སྐུལ་གནང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ཡོ་རོབ་དང་མེ་གླིང་སློབ་གྲོགས་ཚོགས་པས(ཀྲུང་གོ་ཕྱི་སྦྱོང་སློབ་གཉེར་བའི་མཐུན་འབྲེལ་ལྷན་ཚོགས)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་སི་ཁོ་སློབ་ཆེན་གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཕྱི་སྦྱོང་སློབ་གཉེར་བར་གྲོས་འགོ་བཏོན་ཏེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཚོགས་པའི་ཚོགས་མི་དང་། ས་གནས་ཀྱི་རྩ་འཛུགས། རྒྱལ་ཁབ་ཁག་གི་ཡན་ལག་མཐུན་ཚོགས་དང་ཨུ་ཡོན་ལྷན་ཁང་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་བརྡ་ཐོ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཕྱི་སྦྱོང་སློབ་གཉེར་བའི་ཁྲོད་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཞིག་འཕྱུར་བ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།