འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་མཉམ་དུ་ཧིན་རྡུ་རྒྱ་མཚོ་བྱང་མར་རྒྱ་མཚོའི་ཕྱོགས་བསྡུས་
    རྟོག་ཞིབ་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕ་ཁི་སི་ཐན་རྒྱལ་ཁབ་རྒྱ་མཚོ་ཞིབ་འཇུག་སོའོ་ཡི་གདན་ཞུས་ལྟར་ཀྲུང་གོ་ཚན་རིག་ཁང་ལྷོ་རྒྱ་མཚོའི་རྒྱ་མཚོ་ཞིབ་འཇུག་སོའོ་ཡི“ཚོད་ལྟ་3པ”རྟགས་ཅན་གྱི་རྟོག་ཞིབ་གྲུ་གཟིངས་ཀོང་ཀྲོའུ་ནས་ཐོན་ཏེ་ཕ་ཁི་སི་ཐན་གྱི་ཁཱ་ལ་ཆི་གྲུ་ཁར་འབྱོར་ནས་རྒྱལ་ཁབ་གཉིས་པོའི་ཚན་རིག་མཁས་ཅན་གྱིས་ཧིན་རྡུ་རྒྱ་མཚོ་བྱང་མའི་མོ་ཁེ་ལན་མཚོ་ཤུར་དུ་རྒྱ་མཚོའི་ཕྱོགས་བསྡུས་རྟོག་ཞིབ་ཐེངས་དང་པོ་བྱེད་འགོ་ཚུགས་པ་རེད།
         དེ་ནི་ཀྲུང་གོས་ཕ་ཁི་སི་ཐན་གྱི་གདན་ཞུས་ལྟར་ཧིན་རྡུ་རྒྱ་མཚོ་བྱང་མའི་མོ་ཁེ་ལན་མཚོ་ཤུར་དུ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་པ་དང་མོ་ཁེ་ལན་མཚོ་ཤུར་གྱི་ཁྱབ་ཆེ་བའི་ས་གཤིས་ཆགས་རིམ་དང་དེ་བཞིན་ཉེ་འགྲམ་ས་ཁུལ་གྱི་ས་ཡོམ་དང་མཚོ་འཁྱོམ་སོགས་ཀྱི་ས་གཤིས་གནོད་འཚེར་གཙོ་གནད་ཞིབ་འཇུག་བྱ་རྒྱུ་དང་ཕ་ཁི་སི་ཐན་གྱི་མཚོ་ཐོག་བདེ་འཇགས་དང་གནོད་འཚེ་ཉུང་གཏོང་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།