འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་ཆུ་དང་མེ་ཀུང་གཙང་པོའི་ཕྱོགས་བསྡུས་ཁྲིམས་ལག་བསྟར་གྱི་བདེ་འཇགས་མཉམ་ལས་ལྟེ་གནས་
    འཁོར་སྐྱོད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྫ་ཆུ་དང་མེ་ཀུང་གཙང་པོའི་ཕྱོགས་བསྡུས་ཁྲིམས་ལག་བསྟར་གྱི་བདེ་འཇགས་མཉམ་ལས་ལྟེ་གནས(“རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་ལག་བསྟར་ལྟེ་གནས”ཞེས་བསྡུ་རྒྱུ)ཀྱི་འགོ་ཚུགས་མཛད་སྒོ་ཚེས་28ཉིན་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོགས་པ་ལས་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་ལག་བསྟར་བདེ་འཇགས་མཉམ་ལས་ཀྱི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཨང་དང་པོ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་ལག་བསྟར་ལྟེ་གནས་ཀྱི་ལས་ཐོག་དང་པོའི་དྲུང་ཆེ་ཀྲེང་པའེ་ཀང་ནི་ཀྲུང་གོ་ཕྱོགས་ཀྱིས་མངགས་པ་དང་ལས་ཐོག་རྗེས་མའི་དྲུང་ཆེ་ནི་ཁོངས་མིའི་རྒྱལ་ཁབ་ཁག་གིས་་འགན་རེས་མོས་འཁུར་རྒྱུ་རེད། ལྟེ་གནས་དེས་ཁོངས་མིའི་རྒྱལ་ཁབ་ཁག་གི་བདག་དབང་དང་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ས་ཁུལ་འདི་གའི་རྒྱལ་མཚམས་སྒྲོལ་བའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུའི་སྤྱི་འདོམས་མཐུན་སྦྱོར་ལ་གཞོལ་ཏེ་གསང་འཕྲིན་དང་ཆ་འཕྲིན་མཉམ་འདྲེས་སྤེལ་རེས་དང་། ཆེད་དོན་བཅོས་སྒྲིག་དང་མཉམ་དུ་བྱ་སྤྱོད་སྤེལ་བ། ཁྲིམས་ལག་བསྟར་འཇོན་ཐང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་ཁག་གི་ཁྲིམས་ལག་བསྟར་སྡེ་ཚན་ལ་སྤུས་ལེགས་དང་ཕན་ཆེའི་ཞབས་འདེགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         སྤྱི་བདེ་པུའི་ཏང་ཨུད་ཀྱི་ཨུ་ཡོན། འཇིགས་རྒོལ་ཆེད་མི་ལིའུ་གཡོད་ཅིན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་ལག་བསྟར་ལྟེ་གནས་དེ་རྒྱུག་ཁུལ་གྱི་ཁྲིམས་ལག་བསྟར་བདེ་འཇགས་མཉམ་ལས་ཁྱབ་ཁོངས་སུ་བཙུགས་པས་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། དེ་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ས་ཁུལ་གྱི་བདེ་འཇགས་དུས་བབ་ཀྱི་འགྱུར་ལྡོག་དང་ཉེན་ཁའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པའི་བློ་གྲོས་ཀྱི་ཉིང་བཅུད་ཅིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ལོ་སི་དང་། ཁམ་ཕུ་ཁྲེ། འབར་མ། ཐེ་ལན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་མགྲོན་བདག་རྒྱལ་ཁབ་ཀྲུང་གོ་ཕྱོགས་ཀྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་ལག་བསྟར་ལྟེ་གནས་གྲབས་འཛུགས་བྱེད་རིང་ལེགས་སྐྱེས་ཧུར་ཐག་ཕུལ་བར་མགྲིན་གཅིག་ཏུ་ཁས་ལེན་བྱས་པ་མ་ཟད། སླད་ཕྱིན་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་འདུ་ཤེས་དང་། འབྲེལ་གཏུག་མཐུན་སྦྱོར། ཐོན་ཁུངས་འཇོག་པ་བཅས་བྱས་ཏེ་རྫ་ཆུ་དང་མེ་ཀུང་གཙང་པོའི་ལྟེ་གནས་བརྟན་པོའི་ངང་རྒྱུན་མཐུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱུག་ཁུལ་གྱི་ཞི་བདེ་འཕེལ་རྒྱས་འགན་ལེན་བྱེད་པའི“བརྟན་ལྷིང་ཡོ་བྱད”ཅིག་ཏུ་འགྱུར་བར་བྱེད་འདོད་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོར་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་ལག་བསྟར་གྱི་བདེ་འཇགས་མཉམ་ལས་ལམ་སྲོལ་བཙུགས་པ་ནས་བཟུང་། རྒྱུག་ཁུལ་གྱི་རྒྱལ་ཁབ་ཁག་གི་ཁྲིམས་ལག་བསྟར་སྡེ་ཚན་གྱིས་རིམ་རྩིས་ལྟར་ན་མཉམ་འབྲེལ་སྐོར་གཡེང་ཐེངས་65དང“དུས་བདེའི་མཚོ་འགྲུལ”གྱི་མཉམ་འབྲེལ་དུག་རྫས་གཙང་སེལ་བྱ་སྤྱོད་སྐབས་4པ་སྤེལ་ནས་རྒྱལ་མཚམས་སྒྲོལ་བའི་དུག་ཚོང་གྱོད་གཞི་ཁྲི་3.9ལྷག་ཙམ་རྩད་ཆོད་པ་དང་། དུག་རྫས་སྣ་ཚོགས་ཏུན་87.4ལྷག་ཙམ་གཞུང་བཞེས་བཏང་བ། ཉེན་གྱར་གྲུ་གཟིངས་120ལྷག་ཙམ་སྐྱོབ་རོགས་བྱས་ནས་མཚོ་འགྲམ་གྱི་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་མི་དམངས་ཤོག་སྒོར་དུང་ཕྱུར་1.5ཙམ་མ་ཕོག་སྔོན་འགོག་བྱས་པས་མེ་ཀུང་གཙང་པོའི་རྒྱལ་སྤྱིའི་ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ་དང་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།