འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས"གདོང་སྟོན་
    དངུལ་ལེན"གྱི་ལས་སྒོ་མངོན་འགྱུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས'གདོང་སྟོན་
དངུལ་ལེན'གྱི་ལས་སྒོ་མངོན་འགྱུར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལོ་རྙིང་མཇུག་འགྲིལ་ཞིང་ལོ་གསར་ཤར་བའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཀྱིས "གདོང་སྟོན་དངུལ་ལེན"གྱི་ནུས་པ་ལྡན་པའི་དངུལ་ཁང་གི་རང་འགུལ་དངུལ་འཁོར་ཁག་དང་པོ་བེད་སྤྱོད་གཏོང་འགོ་ཚུགས་ནས་རྒྱ་ཆེ་བའི་དངུལ་སྨར་ལེན་དགོས་པའི་མང་ཚོགས་ལ་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
         གསར་འགོད་པས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་ཁང་དེས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་སྔོན་ལ"གདོང་སྟོན་དངུལ་ལེན"གྱི་ནུས་པ་ཁྱབ་སྤེལ་བཏང་བ་རེད། 2017ལོའི་ལོ་མཇུག་བར་དུ"གདོང་སྟོན་དངུལ་ལེན"གྱི་ནུས་པ་ལྡན་པའི་རང་འགུལ་དངུལ་འཁོར་20བེད་སྤྱོད་གཏོང་འགོ་ཚུགས་པ་དང་། དེའི་ནང་གི་དངུལ་འཁོར་14ལྷ་ས་གྲོང་ཁུལ་དང་ཉེ་འཁོར་དུ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ལྷག་མ་རྣམས་ས་ཁུལ་དང་གྲོང་ཁྱེར་དྲུག་ལ་རེ་རེ་བཀོད་སྒྲིག་བྱས་ཡོད་པ་རེད། ཞིང་འབྲོག་མང་ཚོགས་སྤྱོད་མཁན་རྣམས་ལ་སྟབས་བདེ་བསྐྲུན་ཆེད་དངུལ་འཁོར་ལ་ད་དུང་ཆེད་མངག་བོད་སྐད་ཐོག་ནས་སྣེ་སྟོན་དང་བོད་ཡིག་བཀོལ་སྤྱོད་བྱེད་པའི་དྲ་ངོས་ཁ་སྣོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།