འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དེང་རབས་གནས་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་《སྐལ་བཟང་མེ་ཏོག་བཞད་
    པའི་ས་ཆ་》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། 《སྐལ་བཟང་མེ་ཏོག་བཞད་པའི་ས་ཆ་》ཞེས་པ་དཔེ་སྐྲུན་བྱས་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་ཐོག་ནས་དེང་རབས་གནས་ཞུའི་རྩོམ་རིག་ཕྱོགས་བསྒྲིགས་འདི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་མཚོན་པ་རེད།
         《སྐལ་བཟང་མེ་ཏོག་བཞད་པའི་ས་ཆ་》ཞེས་པའི་དེབ་འདིར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་50ལྷག་ཙམ་ཡོད་པ་དང་། བོད་ལྗོངས་ཕྱི་ནང་གི་རྩོམ་པ་པོ་18ཀྱིས་བོད་ལྗོངས་སུ་བཅར་འདྲི་དང་རྩོམ་འབྲི་བྱས་པའི་གནས་ཞུའི་རྩོམ་རིག་བརྩམས་ཆོས་བསྡུས་ཡོད་ཅིང་། ནང་དོན་དང་བརྗོད་གཞི་རྒྱ་ཆེ་བ་སྟེ། དེའི་ནང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་དང་། ལྷ་སའི་གྲོང་ཁུལ་རྙིང་པ་བསྒྱུར་བཀོད། ལྷུན་རྩེ་རྫོང་སྟར་ཤིང་ནགས་ཚལ་གྱི་སྙིང་སྟོབས། གཞིས་རྩེའི་པ་སྣམ་སྔོ་ཚལ་ཆུ་ཤོག་གུར་ཆེན་འཛུགས་སྐྲུན། གཞོན་ནུའི་ལས་གཏོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་འདུས་ཡོད་ཅིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཚུལ་གསལ་པོར་བསྟན་པ་རེད།
         བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་ལགས་ཀྱིས་རྩོམ་པ་པོ་འདི་དག་ཞིང་འབྲོག་ས་ཁུལ་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དངོས་སུ་ཟབ་འཇུག་གནང་སྟེ་གཞི་རིམ་མང་ཚོགས་དང་སྙིང་གཏམ་གླེང་མོལ་གནང་ཞིང་། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་འཚོལ་སྡུད་བྱས་ནས་མིང་ཚིག་བརྗོད་གསུམ་ཁྲོད་དུ་མི་སེམས་འགུལ་བའི་དྲང་ནུས་ཀྱིས་ཁེངས་ཡོད་པ་དང་། མི་རྣམས་ལ་ཡར་སྐུལ་བྱེད་པའི་བསམ་པའི་སྒུལ་ཤུགས་ཀྱིས་ཁེངས་པ་རེད། མི་རིགས་ཁག་གི་རིག་རྩལ་པ་རྣམས་གཞི་རིམ་དུ་ཟབ་འཇུག་མང་ཙམ་བྱེད་རྒྱུ་དང་། ལས་རིགས་ཁག་ཏུ་ཟབ་འཇུག་མང་ཙམ་བྱེད་རྒྱུ། དུས་རབས་ཡར་ཐོན་གོང་འཕེལ་འགྲོ་བ་མཚོན་པའི་བརྩམས་ཆོས་སྔར་བས་མང་བ་གསར་རྩོམ་བྱེད་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།