འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་རང་ལྕེབ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་41གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་རང་ལྕེབ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་41གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཁ་པུར་གྲོང་ཁྱེར་ནས་འབྱོར་བའི་གནས་འཕྲིན་དུ། ས་གནས་དེ་གའི་སྨྱན་སྦྱོར་གྱི་གནས་འཕྲིན་ལྟར་ན། ཟླ་12ཚེས་28ཉིན་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཁ་པུར་གྲོང་ཁྱེར་དུ་རང་ལྕེབ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བ་རེད། ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་སྡེ་ཚན་གྱི་དཔོན་པོས་ར་སྤྲོད་བྱས་པ་ལྟར་ན། འཇབ་རྒོལ་ཁྲོད་མི་41གྲོངས་པ་དང་། གཞན་མི་84ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཐལ་དྲགས་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱིས་འཇབ་རྒོལ་འདི་ཉིད་ལ་འགན་ཁུར་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
          འཇབ་རྒོལ་ཁྲོད་ལུས་སྲོག་ཐར་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་གནས་དེ་གའི་ཚེས་28ཉིན་གྱི་ཆུ་ཚོད་10དང་སྐར་མ་30སྐབས། སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན་མང་པོ་ཞིག་མཉམ་དུ་འཛོམས་ཏེ་ཁ་པུར་གྲོང་ཁྱེར་གྱི་བྱེད་སྒོ་ལྟེ་གནས་ཤིག་ཏུ་ཚོགས་འདུ་འཚོག་གྲབས་ཡོད་དུས། རང་ལྕེབ་འཇབ་རྒོལ་མཁན་གཉིས་ཀྱིས་ལུས་ཐོག་གི་འབར་རྫས་སྤར་བས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་རེད།
          དོན་རྐྱེན་བྱུང་རྗེས། ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་འཛིན་ཅ་ནེ་ཡིས་གསལ་བསྒྲགས་སྤེལ་ཏེ་འཇབ་རྒོལ་འདི་ཉིད་ལ་ཁ་རྡུང་ཚ་ནན་བཏང་བར་མ་ཟད། གྲོངས་མཁན་ནང་མིར་མྱ་ངན་ཞུས་པ་རེད།
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་རང་ལྕེབ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་41གྲོངས་པ།
    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་རང་ལྕེབ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་41གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།