འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་གཤམ་སྤྲོད་བྱས་པའི་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་གཞི་
    ཁྱོན་མྱུར་པོ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུས་2000ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་གཞི་ཁྱོན་དང་གཏོང་སྤྲོད་ཁྱབ་རྒྱ་ཆེ་རུ་བཏང་བ་དང་གཏོང་སྤྲོད་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་ཟམ་མི་ཆད་པར་ཆེ་རུ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅེས་ཡོངས་བསྒྲགས་བྱས་པ་རེད།
         གཅིག་ནས་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་མྱུར་པོ་འཕར་ཞིང་། 2017ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་དངུལ་སྒོར་དུང་ཕྱུར་704གཤམ་སྤྲོད་བྱས་པ་དེ་2000ལོ་ལས་སྒོར་དུང་ཕྱུར་678.47མང་དུ་ཕྱིན་ནས་ལོའི་ཆ་སྙོམས་འཕར་ཚད་21.5%ཟིན་ཡོད། གཉིས་ནས་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་སོང་ཞིང་། ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་མི་རིགས་རང་སྐྱོང་ལྗོངས་5དང་། མཚོ་སྔོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ནོར་སྲིད་ཀྱི་སྒྲིག་གཞིའི་ཐད་གྲངས་ཉུང་མི་རིགས་ས་ཁུལ་དང་བརྩི་མཐོང་གཅིག་མཚུངས་འཛིན་པའི་ཞིང་ཆེན་3དང་དེ་བཞིན་མི་རིགས་རང་སྐྱོང་ཀྲོའུ་དང་མི་རིགས་རང་སྐྱོང་རྫོང་བཅས་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད། གསུམ་ནས་སྤོ་སྒྱུར་གཏོང་སྤྲོད་ཀྱི་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2010ལོར་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་པ་དང་། 2017ལོར་མི་རིགས་ཀྱི་མི་འབོར་བསྡུར་གྲངས་ཀྱི་བཟུང་ཚད་དང་། ཕ་ཚ་བུ་རྒྱུད་གནས་གཅིག་རང་དུ་སྡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་རིགས་རྒྱུད་སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་རྒྱུ་རྐྱེན་དྲངས་ཏེ་གྲངས་ཉུང་མི་རིགས་ཀྱི་བསྡུར་གྲངས་བཟུང་ཚད་མང་བ་དང་། གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་མང་བ། མི་འབོར་ཅུང་ཉུང་བའི་མི་རིགས་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།
         ནོར་སྲིད་པུའུ་ཡིས་གོམ་སྟབས་རྗེས་མར་ཀྲུང་དབྱང་ནོར་སྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི“གསར་བརྗེའི་ཁུལ་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས”ཞེས་པའི་འབྲེལ་ཡོད་དགོངས་དོན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་མི་རིགས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྤོ་སྒྱུར་གཏོང་སྤྲོད་བལྟོས་བཅས་ཀྱིས་ཅུང་མྱུར་པོ་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤོ་སྒྱུར་གཏོང་སྤྲོད་ཀྱི་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤོ་སྒྱུར་གཏོང་སྤྲོད་ཀྱི་མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། མི་རིགས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།