འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གཅེས་སེམས་བརྒྱུད་སྤྲོད་བྱས་ཏེ་གཞིས་ལུས་བྱིས་པར་དྲོ་སྐྱིད་སྦྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚེས་26ཉིན་ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་གློག་མཁོ་འདོན་ཀུང་སིས་ཏིང་ཡོན་རྫོང་ཀྲའེ་ལང་སློབ་གྲྭའི་གཞིས་ལུས་བྱིས་པའི“ཀུན་གསལ་ས་ཚིགས”སུ“གཅེས་སེམས་བརྒྱུད་སྤྲོད”ཀྱི་དགུན་དུས་གཅེས་སེམས་བརྒྱུད་སྤྲོད་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ་རེད། གློག་ཤུགས་ཁོངས་གཏོགས་ཀྱི་གཞོན་ནུ་དང་བླངས་པ་བརྒྱ་ཕྲག་མང་པོས་ཁོམ་པ་སྤྱད་དེ་ཐག་རིང་ལུང་ཁུག་གི་རི་ཁུལ་སློབ་གྲྭར་བསྐྱོད་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་ལོ་གསར་གྱི་སྤྲོ་སྣང་ལྡན་པའི་ཁྱིམ་ཚང་གི་བྱེད་སྒོ་སྤེལ་བ་དང་འབྲེལ་ལག་ཤུབས་དང་སྐེ་དཀྲིས་སོགས་དྲོད་སྲུང་མཁོ་ཆས་ཞལ་འདེབས་བརྒྱབ་སྟེ་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོ་དང་གཞིས་ལུས་བྱིས་པ་གྲང་ངར་ཆེ་བའི་དགུན་དུས་སྒྲོལ་རྒྱུར་རོགས་རམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།