འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་45%ལས་བརྒལ་ནས་རྩྭ་ཐང་སྐྱེ་ཁམས་ཉམས་
    གསོ་བྱུང་ཚུལ་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 17:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2010ལོ་ནས་2017ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་རྩྭ་སའི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆའི་གྲངས་2.5འཕར་ནས་45.2%ཟིན་ཡོད་པ་རེད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ལས་གཞི་མང་པོ་ཞིག་ལག་བསྟར་ཤུགས་ཆེན་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་རྩྭ་ཐང་སྐྱེ་ཁམས་རྒྱུན་མཐུད་ངང་ཉམས་གསོ་བྱུང་བ་དང་ལེགས་ཕྱོགས་སུ་ཕྱིན་ཏེ་ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་བཟང་པོ་ཐོབ་པ་རེད།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་བདུན་རིང་ལ་བོད་ལྗོངས་ཀྱི་ཁེབས་ཚད་ཆེ་བའི་སྔོ་ཁེབས་ཀྱི་རྒྱ་ཁྱོན་8.2%ཡན་འཕར་བ་དང་། ངམ་རིང་དང་ཁང་དམར། འབྲོང་པ། སྣ་དཀར་རྩེ། ནག་ཆུ་རྫོང་བཅས་རྫོང་ལྔའི་རྩྭ་ཁ་བཀག་ཁུལ་གྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། རྩྭ་ཁ་བཀག་ཁུལ་ནང་ཁུལ་ཕྱི་རོལ་དང་བསྡུར་ན། སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་སུ་བརྒྱ་ཆའི་གྲངས་15.1མཐོ་བ་དང་། རྩྭ་ཤིང་གི་རིང་ཚད་དང་རྩྭ་ཐོན་ཚད་སོ་སོར་ཆ་སྙོམས་སུ་3.9%དང་5.1%འཕར་ཡོད་པ་རེད།  བོད་ལྗོངས་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ནུས་པ་དང་རིན་ཐང་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
         རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆེ་རུ་ཕྱིན་པ་དེ་ནི་རྩྭ་ཁ་བཀག་པའི་ལས་གཞི་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་དངུལ་སྤྲོད་པའི་སྲིད་ཇུས་སོགས་རྩྭ་ཐང་སྐྱེ་ཁམས་ལས་གཞི་མང་པོ་ཞིག་སྒྲུབ་པའི་འབྲས་བུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་2009ལོ་ནས་2010ལོའི་བར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་དངུལ་སྤྲོད་པའི་ལམ་སྲོལ་ཚོད་ལྟ་ལག་བསྟར་བྱས་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་རང་འགུལ་ངང་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྐུལ་སློང་བྱས་པ་རེད། ན་ནིང་བོད་ལྗོངས་ཀྱིས་རྩྭ་ཐང་སྲུང་སྐྱོང་ཁ་གསབ་བྱ་དགའ་དང་བྱས་རྗེས་དང་ལས་ཆོད་དཔྱད་བསྡུར་ལ་ཁྱོན་བསྡོམས་སྒོར་དུང་ཕྱུར་32ལས་བརྒལ་བ་བཏང་བ་དང་། སྤྱི་ལོ་2017ལོར་ཀྲུང་དབྱང་གིས་བོད་ལྗོངས་ལ་རེས་སྐོར་གསར་པའི་རྩྭ་ཐང་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་28.8དང་། བྱས་རྗེས་དང་ལས་ཆོད་དཔྱད་བསྡུར་གྱི་དངུལ་ཧ་ལམ་སྒོར་དུང་ཕྱུར3.8བཏང་བ་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འགོ་འཛིན་གཞོན་པ་ཞའོ་ཁྲང་ཝེ་ཡིས་ངོ་སྤྲོད་བྱས་ནས་མིག་སྔའི་བར་དུ་བོད་ལྗོངས་ཡོངས་སུ་རྩྭ་ཐང་དུ་རྩྭ་ཁ་བཀག་པའི་རྒྱ་ཁྱོན་མུའུ་ཁྲི་12938མངོན་འགྱུར་བྱུང་ཡོད། བོད་ལྗོངས་ཡོངས་སུ་ད་ལོ་ནས་བཟུང་ཉམ་ཐག་དབུལ་ཕོངས་དང་མཐའ་མཚམས་ས་ཁུལ་མི་འབོར་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ལ་ཞུགས་ཚད་དང་ཕན་འབྲས་ཐོབ་ཚད་མཐོ་རུ་ཕྱིན་པ་རེད། གཞན་ཡང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་རྣམས་གྲངས་ལག་ལེན་བསྟར་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། འབྲོག་ཁུལ་དང་འབྲོག་ཁུལ་ཕྱེད་ཙམ་རྫོང་དུ་ལག་བསྟར་བྱེད་པར་འགན་སྲུང་བྱས་པའི་རྨང་གཞིའི་ཐོག རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་500ལས་བརྒལ་བའི་ཞིང་ལས་རྫོང་11ཚང་མ་ཕྱུགས་འདོར་རྩྭ་འདེབས་ལས་གྲྭ་ལག་བསྟར་བྱེད་ཁོངས་སུ་འཇུག་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།