འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དཔེ་མཛོད་ཁང་གིས་སྤྱི་པའི་གྲངས་འཛིན་རིག་གནས་སྦྱོང་བརྡར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་དཔེ་མཛོད་ཁང་གིས་ཉིན་7གྱི་རིང་ལ་བོད་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་གྲས་ཀྱི་སྦྱོང་བརྡར་འཛིན་གྲྭ་སྒྲིག་འཛུགས་བྱས་ཏེ་གཉེར་བ་རེད། ལྫོངས་ཡོངས་ཀྱི་གཞི་རིམ་ལས་ཁུངས་དང་གྲངས་འཛིན་རིག་གནས་ཀྱི་ལས་ཀ་བྱེད་མཁན། དཔེ་མཛོད་ཁང་ལས་གཉེར་མི་སྣ་བཅས་ཁྱོན་མི་གྲངས་70ལྷག་ཙམ་སྦྱོང་བརྡར་ལ་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་གསལ་ལྟར་ན། སྦྱོང་བརྡར་བྱེད་རིམ་ནང་། སྦྱོང་བརྡར་ལ་ཞུགས་མཁན་སློབ་མའི་སྦྱང་བྱ་ནི་སྤྱི་པའི་གློག་རྡུལ་དཔེ་གཟིགས་ཁང་མ་ལག་སྒྲིག་སྦྱོར་དང་ནུས་ཁུངས་བེད་སྤྱོད། གྲངས་འཛིན་དཔེ་ཀློག་ཁང་དུ་དངོས་སུ་ལག་ལེན་བཀོལ་སྤྱོད། དྲ་བའི་བདེ་འཇགས། སྨྱན་སྦྱོར་གསར་པའི་ཞབས་ཞུ་དང་བེད་སྤྱོད། དཔེ་རྙིང་སྲུང་སྐྱོང་དང་གྲངས་འཛིན་ཅན་དུ་གྱུར་བ། ཆ་འཕྲིན་ལག་རྩལ་ལ་སྐུལ་འདེད། དཔེ་མཛོད་ཁང་མཉམ་འདྲེས་སོགས་པའི་དཔེ་མཛོད་ཁང་གི་རྒྱུན་ལྡན་ལས་ཀའི་ཤེས་བྱ་བཅས་ཡིན་པ་མ་ཟད་སློབ་མ་ཚོ་མཉམ་ཞུགས་སློབ་སྦྱོང་དང་འཕྲུལ་འཁོར་བཀོལ་སྤྱོད། གཞན་ཡང་ཞོལ་འདོད་དཔལ་དུ་ལྟ་སྦྱོང་སྤེལ་གསུམ་བྱེད་རེས་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།