འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འདེམས་པའི་
    མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། གསར་འགོད་པས་ས་ཁུལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་ཁག་ཏུ་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཨང་རྟགས་འདེམས་པའི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
         སྤྱི་བདེ་སྒྱུར་བཅོས་སྔར་ལས་ཟབ་ཏུ་གཏོང་བ་དང་། དམངས་བདེ་ཞབས་ཞུ་ལེགས་བཅོས་དང་། ཁྲིམས་འཛིན་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་ཆེད། སྤྱི་བདེ་པུའུ་ཡི་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་《འབྲེལ་ཡོད་འཕྲུལ་སྒུལ་འཁོར་རིགས་ཨང་རྟགས་འདེམས་པའི་མ་ལག་ཁག་གཉིས་པ་དང་།  ཁག་གསུམ་པའི་ལས་དོན་ཡག་པོ་བསྒྲུབ་ནས་ཁྱབ་གདལ་དང་བེད་སྤྱོད་བྱེད་པའི་སྐོར་གྱི་བརྡ་ཐོའི་》བླང་བྱ་དང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་། ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཨང་རྟགས་ཡོངས་རྫོགས་མཉམ་དུ་བཞག་ནས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ཏེ་སྤྲོད་པ། རྩིས་འཁོར་བརྒྱུད་ནས་སྐབས་བསྟུན་དུ་འདེམས་པ་དང་རང་འགུལ་གྱིས་ཁ་སྣོན་རྒྱག་པ། ཨང་རྟགས་50ཡི་ནང་ནས་1སྐབས་བསྟུན་དུ་བདམས་ཏེ་ཨང་རྟགས་སྤྲོད་རིགས་ཚད་ལྡན་མིན་པའི་གནད་དོན་མི་ཡོང་བར་བྱས་ཤིང་། ཨང་རྟགས་སྤྲོད་རིགས་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།
         དུས་ཡུན་ཉིན་གཉིས་ཀྱི་རིང་ལ། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་འཁོར་རིགས་དོ་དམ་སྡེ་ཁག་ཏུ་ལས་སྒོ་སྒྲུབ་པར་ཡོང་་མཁན་མང་ཚོགས་སྔར་ལས་ལྡབ་འགས་མང་དུ་ཕྱིན་ཡོད་པ་རེད། ཚེས་19ཉིན་ཁོ་ནར། ལྗོངས་ཡོངས་སུ་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འདེམས་པའི་མ་ལག་བརྒྱུད་ནས་ཨང་རྟགས་252འདེམས་ཐུབ་ཡོད་པ་དང་། འཁོར་རིགས་ཀྱི་བདག་པོ་མི་ཉུང་བ་ཞིག་གིས་བདམས་རྗེས"ཨང་ཀི་འདྲ་བ་གསུམ་སྦྲེལ"སོགས"བཀྲ་ཤིས་པའི"ཨང་རྟགས་ཀྱང་འདེམས་ཐུབ་ཡོད་པ་རེད། མང་ཚོགས་ཀྱིས་སོ་སོ་དགའ་བའི་ཨང་རྟགས་ཁྱེར་ནས་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འདེམས་པའི་མ་ལག་སྤྱོད་འགོ་ཚུགས་ཤིང་། མི་སེར་གྱིས་འཁོར་རིགས་ཀྱི་ཨང་རྟགས་འདེམས་རུང་བའི་ཐོན་ཁུངས་བསྣན་པས། མི་ཚང་མར"བཀྲ་ཤིས་པའི"ཨང་གྲངས་འདེམས་པའི་གོ་སྐབས་འདྲ་མཉམ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།