འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལྷ་རིས་པ་38ཀྱི་གོ་ས་སྤར་ནས་རིམ་ལྡན་དཔང་ཡིག་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་ལྷ་རིས་པ་38ཀྱི་གོ་ས་སྤར་ནས་རིམ་ལྡན་དཔང་ཡིག་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན། སྐབས་བདུན་པའི་བོད་ཀྱི་ཐང་ག་སྒྱུ་རྩལ་སྟོན་ཚོགས་ལྷ་ས་རུ་མཇུག་བསྒྲིལ་བ་རེད། གསར་དུ་གོ་ས་སྤར་བའི་ལྷ་རིས་པ་38ལ་བོད་ལྗོངས་ཀྱི་ཐང་གའི་རིམ་ལྡན་ལྷ་རིས་པའི་དཔང་ཡིག་ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཐང་ག་སྟོན་ཚོགས་སུ་གསར་དུ་གོ་ས་སྤར་བའི་རིམ་པ་དང་པོའི་ལྷ་རིས་པ་5དང་། རིམ་པ་གཉིས་པའི་ལྷ་རིས་པ་14 རིམ་པ་གསུམ་པའི་ལྷ་རིས་པ་19བཅས་ཡོད་པ་མ་ཟད། གཞན་ཡང་ལྷ་རིས་པ་ཕུལ་བྱུང་ཅན་21དཔྱད་འདེབས་བྱས་པ་རེད། མིག་སྔའི་བར་དུ། བོད་ལྗོངས་སུ་ཁྱོན་བསྡོམས་རིམ་ལྡན་ལྷ་རིས་པ་122ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་འགོ་འཛིན་གཞོན་པ་ལུང་ཀྲི་ཀང་གིས་ཐང་ག་སྟོན་ཚོགས་དེས་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་ཐོན་ཁུངས་གཅིག་ཏུ་འདུ་བར་འབད་བརྩོན་ཆེན་པོ་བྱས་ནས་སྒྱུ་རྩལ་ཤེས་ལྡན་མི་སྣའི་ཐོན་ཁུངས་རྒྱུན་ཆད་མེད་པར་གོང་བུ་བསྒྲིལ་ནས་ལྷ་རིས་ཤེས་ལྡན་མི་སྣ་གསོག་འཇོག་དང་ཚད་ལྡན་ཅན་དོ་དམ་ལ་སྐུལ་སྤེལ་གཏོང་བ་དང་། ཐང་ག་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཐང་གའི་སྒྱུ་རྩལ་གྱིས་མང་ཚོགས་ལ་བག་ཆགས་འཇོག་ནུས་ཇེ་ཆེར་བཏང་ཡོད་པས། གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཅེས་བསྟན་པ་རེད།
    ༄༅།།བོད་ལྗོངས་ཀྱི་ལྷ་རིས་པ་38ཀྱི་གོ་ས་སྤར་ནས་རིམ་ལྡན་དཔང་ཡིག་ཐོབ་པ།
    ༄༅།།བོད་ལྗོངས་ཀྱི་ལྷ་རིས་པ་38ཀྱི་གོ་ས་སྤར་ནས་རིམ་ལྡན་དཔང་ཡིག་ཐོབ་པ།
    ༄༅།།བོད་ལྗོངས་ཀྱི་ལྷ་རིས་པ་38ཀྱི་གོ་ས་སྤར་ནས་རིམ་ལྡན་དཔང་ཡིག་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།