འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ་དབྱི་སི་རལ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀན་ལྷོ་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ་དབྱི་སི་རལ་དུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། གསར་འགོད་པས་ཀན་ལྷོ་ཁུལ་རིག་གནས་རྒྱང་བསྒྲགས་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་12ཚེས་17ཉིན། རིག་གནས་པུའུ་ཡིས་མངགས་གཏོང་བྱས་པ་བཞིན་ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་དབྱི་སི་རལ་གྱི་གྲོང་ཁྱེར་ཨང་གསུམ་པ་ཧའེ་ཧྥ་རུ་བསྐྱོད་ཅིང་། “དར་གོས་འགྲུལ་ལམ་རིག་གནས་འགྲུལ་སྐྱོད"ཅེས་པའི་གླུ་གར་འཁྲབ་སྟོན་དང་ཐང་ག་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད། དབྱི་སི་རལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙཱན་ཝན་ཐིང་དང་། ཞིང་ཆེན་རིག་གནས་ཐིང་གི་འགོ་འཛིན་གཞོན་པ་ལིའང་ཁྲའོ་དབྱང་། ཀན་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཧྲི་ཀྲན་ལིའང་བཅས་འབྲེལ་ཡོད་ཀྱི་འགྲེམས་སྟོན་དང་འཁྲབ་སྟོན་བྱེད་སྒོར་ཞུགས་པ་དང་། བོད་ཁུལ་ནས་ཡོང་བའི་གླུ་གར་འཁྲབ་སྟོན་པ་20ལྷག་གིས་ས་གནས་དེ་གའི་མང་ཚོགས་ལ་ཁ་བཏགས་ཕུལ་བ་དང་དགའ་སྤྲོ་སྟེར་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ས་དབུས་རྒྱ་མཚོའི་ཤར་རྒྱུད་དུ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་སྤེལ་བཏང་བ་རེད།
    ༄༅།།ཀན་ལྷོ་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ་དབྱི་སི་རལ་དུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།