འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ལོ་9རིང་དུ་རྒྱ་བོད་སྐད་གཉིས་ཤེས་པའི་ཁྲིམས་དཔོན་མི་ཐེངས་
    488གསོ་སྐྱོང་སྦྱོང་བརྡར་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་འབྲེལ་ཡོད་འགན་ཁུར་པས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཁྲིམས་ཁང་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་སྦྱོང་བརྡར་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་ལོ་9ལ་བསྟུད་མར་བོད་རྒྱ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་དང་། གྱོད་གཞི་དཔེ་མཚོན་སློབ་ཁྲིད། ཁྲིམས་སའི་ཞིབ་གཅོད་ལྟ་སྦྱོང་། སྐད་གཉིས་ཐོག་ནས་འདྲི་གཅོད་ལད་ཟློས་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་6གི་འབྲིང་རིམ་ཁྲིམས་ཁང་དང་། གཞི་རིམ་ཁྲིམས་ཁང་35 དེ་བཞིན་ཀན་སུའུ་བོད་ཁུལ་གྱི་ཁྲིམས་ཁང་བཅས་ཀྱི་ཁྲིམས་དཔོན་མི་ཐེངས་488གསོ་སྐྱོང་སྦྱོང་བརྡར་བྱས་པ་རེད། གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་མཁན་སྐད་གཉིས་ཤེས་པའི་ཁྲིམས་དཔོན་ནི་བོད་ཁུལ་གྱི་ཁྲིམས་ཁང་གི་འདྲི་གཅོད་ཚོགས་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་པ་རེད།
         བོད་ཁུལ་དུ་ཡོངས་ཁྱབ་ཏུ་གནས་པའི་སྐད་གཉིས་ཐོག་ནས་གཏུག་བཤེར་ལག་ལེན་བྱེད་པའི་ཁྲོད་དུ་ཁྲིམས་ལུགས་ཀྱི་བརྡ་ཆད་ཡིག་སྒྱུར་གཅིག་གྱུར་མ་ཡིན་པའི་སྣང་ཚུལ་ཐག་གཅོད་དང་། བོད་ཁུལ་གྱི་ཁྲིམས་ལུགས་བརྡ་ཆད་ཡིག་སྒྱུར་གཅིག་གྱུར་ཡོང་བར་བྱས་ཏེ་སྐད་གཉིས་ཐོག་ནས་གཏུག་བཤེར་གྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཤུགས་ཇེ་ཆེར་གཏོང་ཆེད། 2015ལོར། མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་སྔར་ཡོད་《རྒྱ་བོད་ཤན་སྦྱར་ཁྲིམས་ལུགས་རིག་པའི་ཚིག་མཛོད་》ཀྱི་རྨང་གཞིའི་ཐོག་སླར་ཡང་《རྒྱ་བོད་ཤན་སྦྱར་ཁྲིམས་ལུགས་རིག་པའི་ཚིག་མཛོད་》ཁ་གསབ་དང་དག་བཅོས་ལས་དོན་སྤེལ་འགོ་བརྩམས་པ་དང་། ཁྱོན་བསྡོམས་ཐ་སྙད་གསར་པ་ཁྲི་3.1གསར་དུ་བསྣན་པ་དེ་ནི་སྔར་མའི་ཐ་སྙད་ཀྱི་ལྡབ་2ལ་ཉེ་བ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།