འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་ལུན་ཁྲུན་རིགས་ཀྱི་དགུན་དུས"འདུ་འཛོམས"སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨོ་ལུན་ཁྲུན་རིགས་ཀྱི་དགུན་དུས'འདུ་འཛོམས'སྤེལ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། ནང་སོག་རང་སྐྱོང་ལྗོངས་ཧུ་ལུན་པེར་གྲོང་ཁྱེར་གྱི་ཨོ་ལུན་ཁྲུན་རིགས་ཀྱི་དགུན་དུས"འདུ་འཛོམས"སྐབས་བཞི་པ་ཨོ་ལུན་ཁྲུན་རིགས་རང་སྐྱོང་ཆི་རུ་སྤེལ་འགོ་ཚུགས་ཤིང་། འདི་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་དགུན་དུས"ནཱ་ཏཱ་མོ"ཡུལ་སྐོར་སྐབས་ལྔ་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད།
           "དབྱི་སཱ་རེན་"ཞེས་པ་ནི་ཨོ་ལུན་ཁྲུན་རིགས་ཀྱི་སྐད་ཡིན་ལ། དེ་ནི"འདུ་འཛོམས"སམ"འདུ་ཚོགས"ཞེས་པའི་དོན་རེད། ཐེངས་འདིའི"འདུ་འཛོམས"ནི་དུས་ཡུན་ཟླ་བ་གསུམ་ཡིན་ལ། སྐབས་ཐོག་ཏུ་དམངས་སྲོལ་ནུས་རྩལ་ངོམ་སྟོན་དང་། དགུན་དུས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར། གངས་གཤོལ་འཐེན་པ། གངས་ཤུད་གློད་པ་སོགས་ཀྱི་བྱེད་སྒོ་20ལྷག་ཙམ་ཡོད་པས། འདི་ནི་ཨོ་ལུན་ཁྲུན་རིགས་ཀྱི་དམངས་སྲོལ་རིག་གནས་ཀྱི་རོལ་མྱོང་རང་བཞིན་དང་དགུན་དུས་ཀྱི་སྒྱུ་རྩལ་རོལ་མྱོང་རང་བཞིན། རྩེད་མཚར་གྱི་རང་བཞིན་བཅས་འདུས་པའི་དགུན་དུས་ཀྱི་དགྱེས་སྟོན་ཞིག་རེད།
    ༄༅།།ཨོ་ལུན་ཁྲུན་རིགས་ཀྱི་དགུན་དུས'འདུ་འཛོམས'སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།