འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་བལྟས་དགུན་དུས་མཚོ་སྔོན་པོའི་དར་ཆགས་ངོ་མཚན་ཆེ་བའི་མཛེས་ལྗོངས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཐུར་བལྟས་དགུན་དུས་མཚོ་སྔོན་པོའི་དར་ཆགས་ངོ་མཚན་ཆེ་བའི་མཛེས་ལྗོངས།
         མི་དམངས་དྲ་བའི་འཕྲིན། དགུན་དུས་ཤར་རྗེས་མཚོ་སྔོན་པོར་དར་ཆགས་པའི་དུས་ཚིགས་སུ་སླེབས་ཤིང་། དར་ཆགས་པའི་ཆབ་རོམ་དག་སྔོ་ཐིང་ཐིང་གི་མཚོ་ངོས་སུ་ལྡིང་བ་དེ་མཚོ་སྔོན་པོར་ངོ་མཚར་ཆེ་བའི་མཛེས་ལྗོངས་ཡང་བསྐྱར་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། དགུན་དུས་མཚོ་སྔོན་པོར་ཡུལ་སྐོར་ལ་ཕེབས་མཁན་རྒྱུན་མ་ཆད་པར་མང་དུ་འགྲོ་བཞིན་ཡོད་ཅིང་། དེས"གྲང་བའི་ཐོན་ཁུངས"དེ་ཡུལ་སྐོར"མཐོ་རླབས་འཕྱུར་བའི་ཐོན་ལས"ཤིག་ཏུ་གྱུར་ཡོད་པ་དང་། "ལོ་ཕྱེད་ཡུལ་སྐོར་གཉེར་མཚམས་འཇོག་པ་དང་ལོ་ཕྱེད་ཡུལ་སྐོར་མཐོ་རླབས་འཕྱུར་བའི"རྣམ་པ་རིམ་བཞིན་མེད་པར་འགྱུར་བཞིན་ཡོད་པ་རེད། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་རྒྱུད་དུ་གནས་ཤིང་། ཀྲུང་གོའི་སྐམ་སའི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཤིག་ཡིན་ཞིང་། ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པའི་དུས་སུ་མཚོ་སྔོན་པོའི་མཚོ་མདོག་དང་གནམ་སྔོན་པོའི་མཛེས་ལྗོངས་གཅིག་མཚུངས་སྣང་བཞིན་ཡོད་པས་ཡུལ་སྐོར་བ་མང་པོའི་བློ་ཡིད་བཀུག་ནས་ལྟ་སྐོར་ལ་ཕེབས་བཞིན་ཡོད་པ་རེད།
    འདི་ནི་འཁྱགས་རོམ་ཆགས་པའི་རྗེས་ཀྱི་མཚོ་སྔོན་པོ་ཡིན་པ།
    འདི་ནི་འཁྱགས་རོམ་ཆགས་པའི་རྗེས་ཀྱི་མཚོ་སྔོན་པོ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།