འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་ཐི་ཁྲོན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མེ་སྐྱོན་བྱུང་ནས་མི་29ལྷག་གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་ཐི་ཁྲོན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མེ་སྐྱོན་བྱུང་ནས་མི་29ལྷག་གྲོངས་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན་གྱི་དགོང་མོ། ལྷོ་ཁོ་རེ་ཡའི་མེ་གསོད་མེ་འགོག་སྡེ་ཚན་གྱིས་ཉིན་དེར་ལྷོ་ཁོ་རེ་ཡའི་ཐི་ཁྲོན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་ཤིག་ཏུ་མེ་སྐྱོན་བྱུང་ནས་མི་29གྲོངས་ཡོད་པ་དང་། ད་དུང་རྐྱེན་ལམ་དུ་ཤོར་གྲངས་མང་དུ་འགྲོ་ཉེན་འདུག་ཅེས་བརྗོད་པ་རེད།
          མེ་གསོད་མེ་འགོག་སྡེ་ཚན་གྱིས་ད་ལྟ་མེ་སྐྱོན་ཚོད་འཛིན་བྱེད་ཐུབ་ཡོད་ལ། མེ་གསོད་མེ་འགོག་མི་སྣས་འཛུགས་སྐྲུན་བཟོ་བཀོད་ནང་སྔར་བཞིན་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད། གྲོངས་མཁན་9ནང་མི་20ནི་ཐོག་བརྩེགས་གཉིས་པའི་ཁྲུས་ཁང་དུ་གྲོངས་ཡོད་པ་དང་། གཞན་རྨས་མ་26སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
          ལྷོ་ཁོ་རེ་ཡའི་མཉམ་འབྲེལ་ཚགས་པར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། མེ་སྐྱོན་ནི་ལུས་རྩལ་ལྟེ་གནས་ཀྱི་ཐོག་བརྩེགས་དང་པོ་ནས་བྱུང་བ་དང་། ཐོག་བརྩེགས་ཁང་གི་བགྲོད་ལམ་ནས་ཚང་མར་ཁྱབ་པ་རེད། གནས་འཕྲིན་ལྟར་ན། ལུས་རྩལ་ལྟེ་གནས་འདིར་ཕྱི་ནང་འགྲོ་ལམ་སྒོ་གཅིག་མ་གཏོགས་མེད་པས། གནོད་གཞི་བྱུང་མི་རང་སྲོག་ལས་ཐར་ཁག་པོ་ཡོད་པ་རེད། གཞན་འཛུགས་སྐྲུན་བཟོ་བཀོད་ཀྱི་རྒྱུ་ཆར་མེ་འབར་ཏེ། དུག་ལྡན་གྱི་མཁའ་དབུགས་བྱུང་བ་རེད། འདི་ཚང་མ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།
          འཚོལ་སྐྱོབ་ལས་དོན་སྔར་ལྟར་སྤེལ་བཞིན་ཡོད་པས། མི་སྣ་ཤི་རྨས་ཀྱི་གྲངས་ཀ་ད་དུང་མང་དུ་འགྲོ་ཉེན་ཡོད་པ་རེད།
    ༄༅།།ལྷོ་ཁོ་རེ་ཡའི་ཐི་ཁྲོན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མེ་སྐྱོན་བྱུང་ནས་མི་29ལྷག་གྲོངས་ཡོད་པ།
    ༄༅།།ལྷོ་ཁོ་རེ་ཡའི་ཐི་ཁྲོན་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མེ་སྐྱོན་བྱུང་ནས་མི་29ལྷག་གྲོངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།