འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
    བླག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
         ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་སྤོ་ལོ་ཟླ་བྲལ་གྱི་གྲོང་རྡལ་ཕུགས་བསམ་མཉམ་དུ་བསྐྲུན།
         ཐེངས་འདིའི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་ནི་སྤྱི་ཟླ11ཚེས29ཉིན་ནས་མགོ་བརྩམས་ཤིང་། ཨ་མཆོག་གྲོང་རྡལ་དང་ཡ་རུ་རྒྱུད་དོན་གཅོད་ཁང་གི་འཐུས་ཚབ་རུ་ཁག་14ཡིས་འདྲ་མཉམ་དྲང་བཞག་གིས་འགྲན་བསྡུར་བྱས་ཤིང་། ཚན་ཆུང2ཀྱི་ནང་ནས་ཕམ་འདོར་འགྲན་བསྡུར་བྱས་མཐར། ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་དང་ཝ་སྣ་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་ཀྱིས་རྟིང་རྩོད་འགྲན་བསྡུར་བྱས་ཤིང་། མཐའ་མཇུག་གི་བསྡུར་གྲངས་34:26ཐོག་ནས་མཇུག་བསྒྲིལ་བ་དང་།  ཝ་སྣ་འཐུས་ཚབ་རུ་ཁག་གིས་སྐར་གྲངས་8མང་བའི་ཐོག་ནས་ཐེངས་འདིའི་ཨང་དང་པོའི་གཟེངས་རྟགས་ཐོབ་པ་རེད།
         འགྲན་བསྡུར་གྱི་གོ་རིམ་ཧྲིལ་པོ་མཇུག་རྫོགས་རྗེས། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐེངས་འདིའི་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་མཁན་དག་ལ་བྱ་དགའ་སྩོལ་བའི་མཛད་སྒོ་འཚོགས་ཤིང་། བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་ཝ་སྣ་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་ཡིན་པ་དང་། ཨང་གཉིས་པ་ནི་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་དང་། སྐྱིད་ནང་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་ཡིན་པ། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི་ཨ་མཆོག་གྲོང་རྡལ་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་ཆུང་གི་འཐུས་ཚབ་རུ་ཁག་དང་ཡ་རུ་རྒྱུད་དོན་གཅོད་ཁང་ཉི་མ་ལུང་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་གཉིས་པ། ཡ་རུ་རྒྱུད་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་བཅས་རེད། ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་མཁན་ནི་རྔ་རྒོད་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་ཡིན་པ་དང་། བསམ་པའི་དཔལ་ཡོན་གྱི་བྱ་དགའ་ཐོབ་མཁན་ནི་ཤུག་ལུང་ཉིན་སྲིད་འཛིན་སྡེ་བའི་འཐུས་ཚབ་རུ་ཁག་ཡིན་ཞིང་། སོ་སོ་ལ་བྱ་དགའི་བུམ་པ་དང་གཟེངས་བསྟོད་རྟགས་མ། བྱ་དགའི་དངུལ་བཅས་སྤྲད་པ་དང་།ཉི་མ་ལུང་གི་ལྷ་གོ་སྐྱབས་སོགས་ལ་སྒྲིག་འཛུགས་པ་ཕུལ་བྱུང་གི་གཟེངས་རྟགས་གནང་དེ་བྱ་དགའ་སྩོལ་བའི་གོ་རིམ་མཇུག་བསྒྲིལ་བ་རེད།
    【1】  【2】  【3】
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།